ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

རྒན་ཡོལ་ཞུས་པའི་ལས་བྱེད་པ་འདིར་བརྟག་ཞིབ་བྱེད་བཞིན་འདུག

སྤེལ་དུས 2021-10-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
            བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དང་། བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཨུ་ཡོན་དང་ལྟ་ཞིབ་པ་གཞོན་པ་ཐང་ཙེ་ཕིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 
            ཐང་ཙེ་ཕིང་གི་ལོ་རྒྱུས།
            ཐང་ཙེ་ཕིང་། ཕོ། རྒྱ་རིགས། 1957ལོའི་ཟླ་7པར་སྐྱེས། སི་ཁྲོན་མེན་དབྱང་བ། 1985ལོའི་ཟླ་9པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1975ལོའི་ཟླ་8པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
            1975ལོའི་ཟླ་8པ་ནས་1978ལོའི་ཟླ་9པ་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་ཅུས་མེ་ཏོག་གཞུང་ལམ་ལས་གྲྭ་བཀོད་འདོམས་པུའུ་རུ་ལས་ཀ་བྱས།
            1978ལོའི་ཟླ་9པ་ནས་1982ལོའི་ཟླ་9པ་བར། བོད་ལྗོངས་ཞིང་འབྲོག་སློབ་གླིང་འཕྲུལ་གློག་ཚན་ཁག་གི་འཕྲུལ་ཆས་ཇུས་འགོད་ཆེད་ལས་སུ་སློབ་སྦྱོང་བྱས།
            1982ལོའི་ཟླ་9པ་ནས་1984ལོའི་ཟླ་3པ་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་བཟོ་ལས་ལུགས་ཆས་བཟོ་གྲྭའི་ལག་རྩལ་པ་བྱས།
            1984ལོའི་ཟླ་3པ་ནས་1987ལོའི་ཟླ་6པ་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་འཕྲུལ་ཆས་བཟོ་གྲྭའི་ཁྲང་ཀྲང་བྱས།
            1987ལོའི་ཟླ་6པ་ནས་1996ལོའི་ཟླ་8པ་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཨར་འདམ་བཟོ་གྲྭའི་ཁྲང་ཀྲང་བྱས།
            1996ལོའི་ཟླ་8པ་ནས་1999ལོའི་ཟླ་6པ་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཨར་འདམ་བཟོ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཁྲང་ཀྲང་བྱས།
            1999ལོའི་ཟླ་6པ་ནས་2005ལོའི་ཟླ་དང་པོ་བར། བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་ཀུང་སིའི་ཏུང་ཧྲི་ཀྲང་བྱས།
            2005ལོའི་ཟླ་1པོ་ནས་2011ལོའི་ཟླ་12པ་བར། བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་བྱས།
            2011ལོའི་ཟླ་12པ་ནས་2015ལོའི་ཟླ་དང་པོ་བར། བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི། བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་ལྟ་ཞིབ་པ་གཞོན་པ་བྱས།
            2015ལོའི་ཟླ་དང་པོ་ནས་2017ལོའི་ཟླ་དགུ་པ་བར། བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་ལྟ་ཞིབ་པ་གཞོན་པ་བྱས།
            2017ལོའི་ཟླ་9པར་རྒན་ཡོལ་ཞུས།
རྩོམ་སྒྲིག་པ། བདེ་སྒྲོན།