ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

གྲོང་མིའི་ཁྱིམ་དུ་ལས་དོན་བསྒྲུབས་པར་བསྐྱོད་དེ་དམངས་སེམས་དྲོ་བར་བྱས་པ།

སྤེལ་དུས 2022-05-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
   ཉེ་དུས། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཤོ་མོང་ཤང་མངགས་གཏོང་ཁང་གི་ཐེམ་ཐོ་དོ་དམ་མི་དམངས་ཉེན་རྟོག་པས་ཐོབ་ཐང་ལག་ཁྱེར་གཉེར་བའི་འཕྲུལ་ཆས་འཁྱེར་ནས་སྤྱི་ལེ་70ཡི་སར་ཡོད་པའི་གྲོང་ཚོ་6པར་བསྐྱོད་དེ་གྲོང་མི་ལྷག་ཚེར་ཐོབ་ཐང་ལག་ཁྱེར་གཉེར་བ་རེད།
  ཤོ་མོང་ཤང་གི་གྲོང་ཚོ་6པའི་གྲོང་མི་ལྷག་ཚེ་འདི་ལོ་ལོ་85ལ་སླེབས་པ་དང་ཡུན་རིང་ནད་གཞིས་རྐྱེན་པས་འཚོ་བ་རང་མགོ་ཐོན་མི་ཐུབ་པས་སྤྱི་བདེ་ལས་ཁུངས་ལ་ཡོང་ནས་ཐོབ་ཐང་ལག་ཁྱེར་གཉེར་ཐབས་བྲལ། ཐོབ་ཐང་ལག་ཁྱེར་མེད་པར་བརྟེན་དུས་ཡུན་རིང་པོའི་ནང་ཁོང་ནད་གཞི་ལྟ་བར་སྐྱོད་པ་དང་མཉམ་ལས་སྨན་བཅོས་འགན་བཅོལ་ནང་ཞུགས་པ་སོགས་ཐད་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད།
  ཉེན་རྟོག་པ་ཁོང་གི་ཁྱིམ་དུ་ཡོང་སྟེ“གནས་སྐབས་ལས་སྒྲུབ་ཁང”ཞིག་བཙུགས།
  ལྷག་ཚེ་ཡུན་རིང་ཙོག་པུར་སྡོད་མ་ཐུབ་པར་བརྟེན་ཆ་འཕྲིན་བསྡུ་ལེན་བྱེད་སྐབས་ལག་ཁྱེར་གྱི་པར་ཡག་པོ་ཞིག་རྒྱག་མི་ཐུབ་པས། མི་དམངས་ཉེན་རྟོག་པ་གསུམ་གྱིས་ཆུ་ཚོད་གཅིག་རིང་ངང་རྒྱུད་རིང་པོས་ཆ་འཕྲིན་བསྡུ་ལེན་བྱས་མཐར་ཆ་འཕྲིན་བསྡུ་ལེན་ལེགས་གྲུབ་བྱུང་ཡོད། རང་ཉིད་ཀྱི་དོན་དུ་ལས་དོན་ཧུར་ཐག་སྒྲུབ་མཁན་གྱི་ཉེན་རྟོག་པ་མཐོང་སྐབས་ལྷག་ཚེར་སེམས་འགུལ་ཚད་མེད་ཐེབས་ནས་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།
  སྒོ་རྩར་ཞབས་ཞུ་བྱེད་པར་ཡོང་བ་ལས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་མ་ཟད། ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་ད་བར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱི་སྡེ་ཚན་ཁག་གིས་རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་བཅས་མི་240ཡི་སྒོ་རྩར་ཡོང་ནས་ཐོབ་ཐང་ལག་ཁྱེར་གཉེར་བར་མང་ཚོགས་ཚང་མའི་གདེང་འཇོག་ཡག་པོ་ཐོབ་ཡོད།