ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཡང་ཏུང་ཧྲེང་ལ་བརྟག་དཔྱད་བྱེད་བཞིན་འདུག

སྤེལ་དུས 2022-05-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དེ་སྔའི་གྲོང་སྤྱི་གཞོན་པ་ཡང་ཏུང་ཧྲེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 
     ཡང་ཏུང་ཧྲེང་གི་ལོ་རྒྱུས་མདོར་བསྡུས།
     ཡང་ཏུང་ཧྲེན། སྐྱེས་པ། སྤྱི་ལོ་1966ལོའི་ཟླ་9པར་སྐྱེས། བོད་ལྗོངས་སྟེང་ཆེན་ནས་ཡིན། སྤྱི་ལོ་1993ལོའི་ཟླ་10པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ་1985ལོའི་ཟླ་10པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 
     སྤྱི་ལོ་1985ལོའི་ཟླ་10པ་ནས་སྤྱི་ལོ་1989ལོའི་ཟླ་4པའི་བར་བོད་རང་སྐྱོང་ལྗོངས་གམ་པ་རྫོང་དྲག་ཆས་ཉེན་རྟོག་རུ་འབྲིང་གི་འཐབ་འཛིང་པ།
     སྤྱི་ལོ་1989ལོའི་ཟླ་4པ་ནས་སྤྱི་ལོ་1994ལོའི་ཟླ་3པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའུ་ཡི་བཟོ་པ། 
     སྤྱི་ལོ་1994ལོའི་ཟླ་3པ་ནས་སྤྱི་ལོ་1995ལོའི་ཟླ་4པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའུ་ཡི་ལས་སྒྲུབ་པ། 
     སྤྱི་ལོ་1995ལོའི་ཟླ་4པ་ནས་སྤྱི་ལོ་1997ལོའི་ཟླ་11པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའུ་ཡི་དྲིལ་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ། 
     སྤྱི་ལོ་1997ལོའི་ཟླ་11པ་ནས་སྤྱི་ལོ་1999ལོའི་ཟླ་5པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན། 
     སྤྱི་ལོ་1999ལོའི་ཟླ་5པ་ནས་སྤྱི་ལོ་2000ལོའི་ཟླ་9པའི་བར་བོད་རང་སྐྱོང་ལྗོངས་འབྲི་རུ་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་། སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན།(ཁོའོ་རིམ་པ་རྒན་པ།)
     སྤྱི་ལོ་2000ལོའི་ཟླ་9པ་ནས་སྤྱི་ལོ་2003ལོའི་ཟླ་4པའི་བར་བོད་རང་སྐྱོང་ལྗོངས་འབྲི་རུ་རྫོང་གི་རྫོང་དཔོན་གཞོན་པ། 
     སྤྱི་ལོ་2003ལོའི་ཟླ་4པ་ནས་སྤྱི་ལོ་2006ལོའི་ཟླ་12པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ། སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་། 
     སྤྱི་ལོ་2006ལོའི་ཟླ་12པ་ནས་སྤྱི་ལོ་2008ལོའི་ཟླ་11པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། 
     སྤྱི་ལོ་2008ལོའི་ཟླ་11པ་ནས་སྤྱི་ལོ་2010ལོའི་ཟླ་7པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འཛུགས་སྐྲུན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། 
     སྤྱི་ལོ་2010ལོའི་ཟླ་7པ་ནས་སྤྱི་ལོ་2010ལོའི་ཟླ་10པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས(གྲོང་སྲིད་དོ་དམ་ཅུས་)ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། 
     སྤྱི་ལོ་2010ལོའི་ཟླ་10པ་ནས་སྤྱི་ལོ་2013ལོའི་ཟླ་4པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ། 
     སྤྱི་ལོ་2013ལོའི་ཟླ་4པ་ནས་སྤྱི་ལོ་2015ལོའི་ཟླ་1པོའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན། 
     སྤྱི་ལོ་2015ལོའི་ཟླ་1པོ་ནས་སྤྱི་ལོ་2015ལོའི་ཟླ་3པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་དང་། ས་ཁུལ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན། 
     སྤྱི་ལོ་2015ལོའི་ཟླ་3པ་ནས་སྤྱི་ལོ་2018ལོའི་ཟླ་5པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། 
     སྤྱི་ལོ་2018ལོའི་ཟླ་5པ་ནས་སྤྱི་ལོ་2022ལོའི་ཟླ་4པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ། 
     སྤྱི་ལོ་2022ལོའི་ཟླ་4པར་གོ་གནས་ལས་འཐེན་ཡོད།