ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

བོད་ལྗོངས་ཀྱི་དེ་སྔའི་ཐིང་རིམ་པའི་ལས་བྱེད་པ་འདིས་རང་ཉེས་ངོས་ལེན་ཞུས་པ།

སྤེལ་དུས 2022-05-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་དེ་སྔའི་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཕུན་ཚོགས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་རྐྱེན་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པས། མིག་སྔར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
  ཕུན་ཚོགས་ཀྱི་ལོ་རྒྱུས་མདོར་བསྡུས།
  ཕུན་ཚོགས། ཕོ། བོད་རིགས། 1959ལོའི་ཟླ་6པར་སྐྱེས། བོད་ལྗོངས་སྒར་རྫོང་གི་མི་ཡིན།
  1976ལོའི་ཟླ་6པར་ལས་ཀར་ཞུགས། 1983ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན།
  1976ལོའི་ཟླ་6པ་ནས་1976ལོའི་ཟླ་10པའི་བར། བོད་ལྗོངས་མངའ་རིས་ས་ཁུལ་མོན་ཧྲི་རྡོ་སོལ་གཏེར་ཁུལ་དུ་ལས་ཀ་བྱས། 
  1976ལོའི་ཟླ་10པ་ནས་1979ལོའི་ཟླ་12པའི་བར།ཤིན་ཅང་བཟོ་ལས་སློབ་གླིང་གི་འཕྲུལ་ཆས་བཟོ་སྐྲུན་དང་བཟོ་རྩལ་སྒྲིག་ཆས་ཆེད་ལས་སུ་སློབ་སྦྱོང་བྱས། 
  1979ལོའི་ཟླ་12པ་ནས་1985ལོའི་ཟླ་9པའི་བར། བོད་ལྗོངས་མངའ་རིས་ས་ཁུལ་ཞིང་འཕྲུལ་བཟོ་གྲྭར་ལས་ཀ་བྱས། 
  1985ལོའི་ཟླ་9པ་ནས་1987ལོའི་ཟླ་7པའི་བར། བོད་ལྗོངས་མངའ་རིས་ས་ཁུལ་འགྲིམ་འགྲུལ་ཅུས་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱས།
  1987ལོའི་ཟླ་7པ་ནས་1990ལོའི་ཟླ་7པའི་བར།བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་བྱས།
  1990ལོའི་ཟླ་7པ་ནས་1993ལོའི་ཟླ་6པའི་བར།བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བྱས།
  1993ལོའི་ཟླ་6པ་ནས་1995ལོའི་ཟླ་5པའི་བར།བོད་ལྗོངས་མངའ་རིས་ས་ཁུལ་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས།
  1995ལོའི་ཟླ་5པ་ནས་1996ལོའི་ཟླ་10པའི་བར།བོད་ལྗོངས་མངའ་རིས་ས་ཁུལ་ཨར་ལས་རྒྱུ་ཆ་སྤྱི་ཁྱབ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་སྤྱི་གཉེར་བྱས།
  1996ལོའི་ཟླ་10པ་ནས་2002ལོའི་ཟླ་10པའི་བར།བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བྱས།
  2002ལོའི་ཟླ་10པ་ནས་2003ལོའི་ཟླ་8པའི་བར།བོད་ལྗོངས་མངའ་རིས་ས་ཁུལ་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་བྱས།
  2003ལོའི་ཟླ་8པ་ནས་2011ལོའི་ཟླ་1པོའི་བར།བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བྱས།
  2011ལོའི་ཟླ་1པོ་ནས་2014ལོའི་ཟླ་2པའི་བར།བོད་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བྱས།
  2014ལོའི་ཟླ་2པ་ནས་2017ལོའི་ཟླ་1པོའི་བར།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་མངའ་རིས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས།
  2017ལོའི་ཟླ་1པོ་ནས་2019ལོའི་ཟླ་4པའི་བར།བོད་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བྱས།
  2019ལོའི་4པར་ལས་འཁྱུར་ངལ་གསོ་བྱས།