ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

རིམས་ནད་སྐོར་གྱི་ཆ་འཕྲིན་འདི་རྫུན་མ་རེད་འདུག ཡིད་ཆེས་མ་གནང་།

སྤེལ་དུས 2022-08-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
    དྲ་དམངས་ཤིག་གིས་ཁྱུག་དབྱིངས་སྟེང“ཟླ་8ཚེས་19ཉིན་བོད་ལྗོངས་ཀྱི་རིམས་ནད་ཀྱི་ཆ་འཕྲིན་གསར་ཤོས་ཏེ། ནད་པ་མང་དུ་ཕྱིན་པའི་གྲངས་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན། རེས་སྐོར་འདིའི་བོད་ལྗོངས་ཀྱི་རིམས་ནད་མཆེད་མཐོ་ཤོས་སུ་སླེབས་པ་དང་ཁ་ལོ་སྒྱུར་མཚམས་སུ་སླེབས་ནས། རིམས་ནད་ཐོན་ཉུང་དུ་འགྲོ་འགོ་ཚུགས་ཡོད”ཅེས་པའི་བརྙན་ཐུང་བསྐུར་འདུག བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་བདེན་མིན་ཞིབ་བསྡུར་གྱི་བཅར་འདྲི་བྱས་པ་བརྒྱུད། ཆ་འཕྲིན་འདི་ནི་རྫུན་མ་ཡིན་པ་ར་འཕྲོད་བྱུང་།

    རྒྱ་ཆེའི་དྲ་གྲོགས་ཚོར་དྲན་སྐུལ་བྱ་རྒྱུར། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་མི་ཤོད་པ་བཅས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ། སྤྱི་པའི་འདུ་གནས་སུ་སྐྱོད་སྐབས་རང་འགུལ་ངང་ཚ་བ་ལྟ་བ་དང་། ཨང་རྟགས་བཤེར་བ། ཉིང་སྐྱུར་བརྟག་དཔྱད་བྱེད་པ། ཁ་རས་རྒྱག་པ། འདུ་འཛོམས་མི་བྱེད་པ། གཙང་སྦྲ་ཡག་པོ་བཅས་བྱེད་དགོས་ལ། ཐུན་མོང་ཐོག་དྲ་རྒྱའི་བར་མཐོངས་གཙང་མ་ཞིག་གཏོད་དགོས།