ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ལྷ་སའི་འགོ་ཁྲིད་འདིའི་གོ་གནས་མེད་པར་བཟོས།

སྤེལ་དུས 2022-08-29 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
   གསར་འགོད་པས་ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་སྤེལ་ནས་གནད་འཁེལ་སྔོན་འགོག་ཚོད་འཛིན་དང་ཚན་རིག་དང་མཐུན་པའི་དོ་དམ་ཚོད་འཛིན་བྱ་ཆེད། ཟླ་8ཚེས་28ཉིན་ལྷ་ས་གྲོང་ཁྱེར་གྱི་བཀག་སྡོམ་ཁུལ་165ལ་ལེགས་སྒྲིག་བྱས་པའི་ནང་ཁྲེང་ཀོན་ཆུས(རིག་གནས་གསར་གཏོད་གླིང་ཚུད)ཀྱི་141དང་སྟོད་ལུང་བདེ་ཆེན་ཆུས(དཔལ་འབྱོར་གསར་སྤེལ་ཁུལ་དང་སྣེའུ་ཁུལ་གསར་ཚུད)24ཚུད་ཡོད་པ་རེད། བཀག་སྡོམ་ཚོད་འཛིན་ཁུལ་ཕུད་ལྷ་ས་གྲོང་ཁྱེར་གྱི་ཉེན་ཁ་ཆེ་བའི་ཁུལ་42ལ་ལེགས་སྒྲིག་བྱས་པ་དང་ཉེན་འབྲིང་ཁུལ་20ལ་ལེགས་སྒྲིག་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། བཀག་རྒྱ་ཚོད་འཛིན་ཁུལ་སྔར་བས་གནད་འཁེལ་ལེགས་སྒྲིག་བྱས་ནས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་འགྲོ་སྐྱོད་ཉུང་དུ་གཏོང་བ་དང་རིམས་ནད་མཆེད་ཉེན་ནན་འགོག་བྱས་ཏེ་མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཐུབ། བཀག་རྒྱ་ཚོད་འཛིན་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་བརྒྱུད་རིམ་ནང་། ལྷ་ས་གྲོང་ཁྱེར་གྱིས་ལོགས་བཀར་ཁུལ་གྱི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ལས་རིམ་གཞིར་བཟུང་ནས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དང་། ཁོར་ཡུག་དུག་སེལ། གད་སྙིགས་གཙང་སེལ་སོགས་ཀྱི་ལས་དོན་ཚད་ལྡན་ངང་ཡག་པོ་བསྒྲུབས་ནས་བྱ་ཐབས་ནུས་ལྡན་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དྲ་བ་བརྟན་དུ་བཏང་ཡོད། དེ་དང་ཆབས་ཅིག་འགན་ལེན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་། ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་གྱི་ལས་བྱེད་པ་དང་དང་བླངས་པའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱེད་པ། བཀག་རྒྱ་ཚོད་འཛིན་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་དང་། སྨན་བཅོས། སྨན་བེད་སྤྱོད་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་པ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་སྐོང་ཐུབ་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   དེ་དང་ཆབས་ཅིག  ལྟ་སྐུལ་ཞིབ་བཤེར་བྱེད་རིང་སྡེ་ཁག་དང་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་མེད་པ་དང་། མཐོང་ཆེན་བྱེད་ཚད་མི་འདང་བ། འགན་འཁྲིའི་འདུ་ཤེས་ཆེན་པོ་མེད་པ། འཕྲལ་སྡོམ་ཐག་གཅོད་ཡག་པོ་མ་བྱུང་བ་བཅས་ཀྱི་གནད་དོན་ཤེས་རྟོགས་ཐུབ་པར་དམིགས་ཏེ་ལྷ་ས་གྲོང་ཨུད་ཀྱིས་སྒྲིག་སྲོལ་དང་སྒྲིག་ལམ་ལྟར་ཚན་པ་རེ་ཟུང་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་། ལས་བྱེད་པ་ཁག་གཅིག་ལ་འགན་འཁྲི་བདའ་འདེད་བཏང་ནས་བཀའ་ཡོད་ཀྱང་མི་སྒྲུབ་པ་དང་། བཀག་ཀྱང་མི་ཉན་པ། སྤྱོད་ཚུལ་མི་སྲུང་བ། འགན་འཛོལ་ཤོར་བ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ་རེད།
   གསར་འགོད་པས་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ནན་དུ་བཏང་ནས་བྱ་དགའ་དང་ཆད་གཅོད་གསལ་པོ་ཡོང་བ་བྱ་ཆེད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་མ་བྱུང་བ་དང་ལས་ཀའི་དགོས་མཁོའི་དབང་གིས་བློ་མཐུན་ཀྲང་ཀྲེང་གི་ལྷ་ས་གྲོང་ཁྱེར་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅིའི་གོ་གནས་མེད་པ་བཟོས་པ་རེད།