ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

གཞན་གྱི་ཚབ་ལ་གླ་ཆ་ཡོད་པའི་ཉིང་སྐྱུར་བརྟག་དཔྱད་བྱས་པའི་ཐད།

སྤེལ་དུས 2022-08-29 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
   ཟླ་8ཚེས་28ཉིན། ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བརྡ་ཁྱབ་སྤེལ་བའི་ནང་། མི་3གྱིས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་སྒྲིག་ལམ་དཀྲུགས་པས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།
   བརྟག་དཔྱད་བྱས་པ་བརྒྱུད། མཱ་ཆེ་གེ་མོ་ལིན(ཕོ། ལོ་22)གྱིས་ཟླ་8ཚེས་24ཉིན་དྲ་ཐོག་ནས་གླ་ཆ་ཡོད་པའི་སྒོ་ནས་མིའི་ཚབ་ལ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱེད་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད། ཀྲོ་ཆེ་གེ་མོ་སུང་། (ཕོ། ལོ་40) ཝང་ཆེ་གེ་མོ(ཕོ། ལོ་24) མི་2ཀྱིས་ཟླ་8པའི་ཚེས་25ཉིན་མི་སྒེར་གྱི་ཆ་འཕྲིན་དེ་སྒེར་ཐོག་ནས་མཱ་ཆེ་གེ་མོར་བསྐུར་བ་མ་ཟད། ཁོ་གཉིས་ཀྱི་ཚབ་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་བཅུག་པར་ལས་བྱེད་མི་སྣས་ཤེས་རྟོགས་བྱུང་། མིག་སྔར་མི་3པོ་ཧྲང་ཧའེ་ཧྥེང་ཞན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།