ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་རྒྱུ་རེད།

སྤེལ་དུས 2022-09-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཉིན་ཤས་གོང་ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཡོངས་སུ་ཟླ་བ་གསུམ་རིང་དུ་དྲ་རྒྱའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་གཏན་འབེབས་བྱས།
  ཐེངས་འདིའི་ཆེད་དོན་བྱ་སྤྱོད་དག་གཤམ་གསལ་ལྟར་རོ།
  དྲ་རྒྱའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་ཁྱོན་ཡོངས་ནས་གཙང་བཤེར་བྱེད་པ་དང་ནུས་ཤུགས་ཡོད་རྒུས་དཀྲོག་གཏམ་རྙིང་པ་ཡང་དང་བསྐྱར་དུ་བརྒྱུད་བསྒྲགས་དང་དཀྲོག་གཏམ་གསར་པ་རྒྱུན་ཆད་མེད་པར་ཐོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
  ཆ་འཕྲིན་རྫུན་མ་ལྟ་ཞིབ་ཚད་ལེན་དང་ཤེས་རྟོགས། རྫུན་གཏམ་ཐེར་འདོན། ཐག་གཅོད་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་དང་། དྲ་ཚིགས་དང་ལས་སྟེགས་ཀྱི་གཙོ་འགན་ཇེ་ནན་དུ་བཏང་ནས་དཀྲོག་གཏམ་བཅོས་སྒྲིག་ལས་དོན་གྱི་མཐའ་མཇུག་གི་ལས་དོན་ལེགས་པོ་སྒྲུབ་དགོས།
  དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་སྒྲོག་བྱ་སྤྱོད་ལ་ཆད་གཅོད་ནན་པོ་བྱེད་པ།
  ཆེད་དོན་བྱ་སྤྱོད་ནང་གསལ་པོ་བསྟན་པར།
  རིགས་དབྱེ་ནས་ཞིབ་འཇུག་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།
  ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན།སྲིད་ཇུས་གལ་ཆེན་བཅས་ཁྱབ་བསྒྲགས་དང་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ཁས་མི་ལེན་པ་སོགས་ཀྱི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མར་མགྱོགས་མྱུར་ངང་ཆད་གཅོད་ནན་པོ་བྱ་རྒྱུ་རེད།
  བདེ་འཇགས་ཐོན་སྐྱེད་དང་།འགྲིམ་འགྲུལ་སྐྱེལ་འདྲེན།རང་བྱུང་གནོད་འཚེ་སོགས་ཀྱི་སྤྱི་པའི་ཐོལ་བྱུང་དོན་རྐྱེན་དང་ལྷག་པར་དུ་ཉེན་ཁ་དང་།ནད་ཡམས།གནོད་འཚེ།ཉེན་ཟོན་གནས་ཚུལ་བཅས་དང་འབྲེལ་བའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་ལ་འབྲེལ་ཡོད་སྡེ་ཚན་གྱིས་དྲང་ཕྱོགས་ནས་ལན་ཧུར་ཐག་རྒྱག་དགོས།
  ཁུངས་འདེད་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་དགོས།
  དྲ་ཚིགས་དང་ལས་སྟེགས་ཀྱིས་ལག་རྩལ་བྱ་ཐབས་འཛུགས་སྐྱོང་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ་ཁུངས་འདེད་ནུས་པ་ཆེ་རུ་བཏང་ནས་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་ཐོན་ཁུལ་གྱི་ལས་སྟེགས་རྩིས་ཐོ་ཐོག་མ་དེར་གནད་དོན་གྱི་ངོ་བོར་གཞིགས་ནས་ཐག་གཅོད་དང་ཆད་པ་བཅད་དེ་འགོ་ཁུངས་ནས་བཀག་འགོག་བྱེད་དགོས།
  དྲ་རྒྱའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་ཐག་གཅོད་བྱེད་པའི་ཆད་གཅོད་ཞིབ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་ཚབས་ཆེ་ཆུང་དང་སྤེལ་མཁན་དང་པོ་ཡིན་མིན། བརྒྱུད་སྤེལ་ཐེངས་གྲངས་སོགས་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་གཏམ་གླེང་བཀག་འགོག ཡུན་རིང་བཀག་སྡོམ་སོགས་ཀྱི་བྱ་ཐབས་བཀོལ་དགོས།
  དཀྲོག་གཏམ་ཚབས་ཆེན་བཟོ་བ་དང་།དཀྲོག་གཏམ་ཐེངས་མང་ཁྱབ་བསྒྲགས་བྱེད་པ།དཀྲོག་གཏམ་ལ་བརྟེན་ནས་ཚོང་གཉེར་བྱེད་པའི་རྩིས་ཐོའི་བདག་པོར་མིང་ཐོ་ནག་པོའི་དོ་དམ་བྱེད་པ་དང་།གནས་ཚུལ་ཚབས་ཧ་ཅང་ཆེ་བའི་རིགས་ལ་དྲ་ཚིགས་ཡོངས་སུ་ཐོ་འགོད་བྱེད་ཏུ་བཅུག་མི་ཆོག
  དུས་བཀག་ལྟར་གཅིག་སྡུད་ཐོག་ཐག་གཅོད་བྱས་ཚུལ་གྱི་བརྡ་ཁྱབ་གཏོང་བ་དང་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱ་དགོས།
  རྫུན་གཏམ་ཐེར་འདོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
  ཀྲུང་གོ་མཉམ་འབྲེལ་དྲ་རྒྱ་མཉམ་འབྲེལ་རྫུན་གཏམ་ཐེར་འདོན་སྟེགས་བུས་དྲ་ཚིགས་དང་ལས་སྟེགས་སྒྲིག་འཛུགས་བྱས་ནས་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་མཐིལ་རྟོགས་བྱས་ཏེ་མཚོན་རྟགས་བཀོད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་གསར་དུ་ཐོན་པའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མར་ཡང་དག་དབྱེ་འབྱེད་བྱེད་པ་དང་། དེ་རྗེས་དུས་ཐོག་ཏུ་མཚོན་རྟགས་རྒྱག་དགོས།
  གཙོ་གནད་དྲ་ཚིགས་དང་ལས་སྟེགས་ལ་རྫུན་གཏམ་ཐེར་འདོན་གྱི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱེད་པའི་བླང་བྱ་བཏོན་ནས་ཀྲུང་གོ་མཉམ་འབྲེལ་དྲ་རྒྱ་མཉམ་འབྲེལ་རྫུན་གཏམ་ཐེར་འདོན་སྟེགས་བུ་དང་འབྲེལ་ཡོད་སྡེ་ཚན་གྱི་དབང་གྲགས་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་སྤེལ་བྱེད་པ་དང་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་དགོས།
  དཔྱད་གཏམ་གྱི་རྩེ་གནས་སུ་རྫུན་གཏམ་ཐེར་འདོན་གྱི་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་བཀོད་ནས་དཀྲོག་གཏམ་དང་འབྲེལ་བའི་གནད་ཚིག་འཚོལ་སྐབས་འཚོལ་བཤེར་བྱས་འབྲས་ཁྲོད་རྫུན་གཏམ་ཐེར་འདོན་གྱི་ཆ་འཕྲིན་མངོན་གསལ་དོད་པོས་མངོན་དུ་བཅུག་སྟེ་སྤྱི་ཚོགས་འབྲེལ་བའི་ཚོགས་པས་དྲན་སྐུལ་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།
  འོས་སྦྱོར་རྩི་སྟངས་སྒྲིག་སྲོལ་ལ་ཞིབ་འཇུག་དང་འཐུས་ཚང་དུ་བཏང་ནས་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་དང་འབྲེལ་བའི་སྤྱོད་མཁན་ལ་འབྲེལ་ཡོད་རྫུན་གཏམ་ཐེར་འདོན་གྱི་ཆ་འཕྲིན་ཡང་དག་པའི་སྒོ་ནས་ཁྱབ་གདལ་གཏོང་དགོས།
  འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།དྲ་རྒྱའི་དཀྲོག་གཏམ་སྐོར་གྱི་དོན་རྐྱེན་ཚབས་ཆེན་བྱུང་སྐབས་མཉམ་འབྲེལ་ངང་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་དུས་ཐོག་ཏུ་དོན་དངོས་གསལ་པོ་བཟོ་བ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྐོར་ལ་ལན་རྒྱག་དགོས།
  ལས་སྟེགས་ཀྱི་གཙོ་འགན་ཇེ་ནན་དུ་གཏོང་དགོས།
  བསགས་གྲངས་ཐག་གཅོད་ལེགས་པོ་བྱེད་པ་དང་དྲ་ཚིགས་དང་ལས་སྟེགས་ཀྱིས་དོ་དམ་བླང་བྱ་དོན་འཁྱོལ་བྱས་ཏེ་གཏན་འཁེལ་བྱས་པའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་དུས་ཐོག་ཏུ་གྲལ་བཤེར་དང་ཐག་གཅོད་བྱས་ནས་ཡང་དང་བསྐྱར་དུ་བརྒྱུད་སྒྲོག་སྔོན་འགོག་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས་པ་དང་།ལས་སྟེགས་ཀྱིས་མ་དཔེའི་མཛོད་བཙུགས་ནས་དུས་ཐོག་ཏུ་གསར་བརྗེས་དང་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་བྱེད་ཐབས་སྤྱད་དེ་ཁ་གཏད་རང་བཞིན་གྱིས་སྙོམས་སྒྲིག་བྱས་ནས་འགོག་གཅོད་ཡག་པོ་བྱེད་དགོས།
  འཕར་གྲངས་ཚོད་འཛིན་ཡག་པོ་བྱས་ནས་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་ཤུགས་རྐྱེན་ཆེ་བ་དང་ཁྱབ་རྒྱ་ཆེ་བའི་དབང་གྲགས་མེད་པའི་ཆ་འཕྲིན་ལ་རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་ལ་ཞིབ་བཤེར་ར་སྤྲོད་དང་དུས་ཐོག་ཏུ་དབྱེ་འབྱེད་ཐག་གཅོད་བྱས་ཏེ་དཀྲོག་གཏམ་བཟོ་བ་དང་ཆ་འཕྲིན་རྫུན་མ་བྱུང་མ་ཐག་པའི་སྐབས་ནས་རྩ་མེད་དུ་གཏོང་དགོས།
  དྲ་ཚིགས་ད་ང་ལས་སྟེགས་ཀྱིས་རྒྱུན་རྣམ་ཅན་གྱིས་ལྟ་ཞིབ་ཚད་ལེན་དང་ཁུངས་སྣེ་འཚོལ་བསྡུ་བྱས་ཏེ་བླང་བྱ་ལྟར་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས།
  གཙོ་གནད་དྲ་ཚིགས་དང་ལས་སྟེགས་ཀྱིས་དྲ་རྒྱའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མའི་ཆེད་མངགས་ཐེར་འདོན་གྱི་འཇུག་སྒོ་འཛུགས་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།