ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

སྒོར་ཁྲི་2200ཟིན་པའི་དུག་ལྡན་སྨན་འདི་ཉོ་ཚོང་བྱེད་པ།

སྤེལ་དུས 2022-09-21 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
   མཛེས་པོ་ཆགས་འདོད་ཀྱི་བསམ་པ་སུ་ལའང་ཡོད། ཕྲ་ལ་རིང་བའི་གཟུགས་པོ་ཞིག་ཡོད་ཆེད། མི་མང་པོས་ཚོ་བྱང་སྨན་བསྟེན་ནས་དམིགས་ཡུལ་འགྲུབ་པར་བསམ་བློ་གཏོང་བཞིན་ཡོད། འོན་ཀྱང་། དེས་ཉེས་ཅན་པར“ཚོང་ལས་ཀྱི་གོ་སྐབས”སྤྲད།   

   ཚེས་19ཉིན། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་གྲོང་ཁྱེར་ཁྲེན་པའར་ཧུའུ་ཆིའི་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཅུས་དེས་དུག་ལྡན་ཚོ་བྱང་སྨན་བཟོ་བ་དང་འཚོང་བའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་དེ་ཉེས་གསོག་དོགས་ཅན་9འཛིན་བཟུང་བྱས་པ་དང་། གྱོད་གཞི་དེའི་ནང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་2200ཟིན་ཡོད་པ་རེད།
   ད་ལོའི་ཟླ་4ཚེས་30ཉིན། ཁྲེན་པའར་ཧུའུ་ཆིའི་ཉེན་རྟོག་ཕྱོགས་ལ་ཀྲང་ལགས་ཀྱི་ཉེན་བརྡ་འབྱོར་ནས་བཤད་དོན། དེས་སྐད་འཕྲིན་བརྒྱུད་ནས་ཉོས་པའི་ཚོ་བྱང་སྨན་དེ་འཐུང་རྗེས་གཟུགས་པོ་མི་བདེ་བའི་ནད་རྟགས་ཐོན་པ་དང་། དེ་ནས་སྨན་དེར་དོགས་པ་སྐྱེས་ནས། ཞིབ་ཏུ་བསྡུར་བ་ན་ཁོང་གིས་སྨན་དེ“མེད་པ་གསུམ”གྱི་ཐོན་རྫས་ཡིན་པ་ཤེས་རྟོགས་བྱུང་བ་རེད།
   མི་དམངས་ཉེན་རྟོག་པས་འཕྲལ་དུ་དངོས་དཔེ་བླངས་ནས་ཆེད་ལས་ཀྱི་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཞིབ་དཔྱད་ཚད་ལེན་བྱས་འབྲས་ལས་མངོན་པར། དེའི་ནང་རྒྱལ་ཁབ་ཀྱིས་བཀག་སྡོམ་གསལ་པོ་བྱས་པའི་“ཞི་པུའུ་ཆུས་མིང(西布曲明)”གི་གྲུབ་ཆ་ཚུད་ཡོད་པ་རེད། 

   “ཞི་པུའུ་ཆུས་མིང་གི་ཚོ་བྱང་སྨན་དེ་ཟས་ན་ཁྱེད་ཀྱི་གཟུགས་པོ་བདེ་པོ་མེད་པ་མ་ཟད། ཐ་ན་རྐང་ལག་རེངས་ཤིང་འཁུམ་པར་འགྱུར་བ་རེད”ཅེས་བཤད། མི་དམངས་ཉེན་རྟོག་པའི་ཚན་རིག་ཁྱབ་གདལ་བྱེད་དུས་དུག་ལྡན་ཚོ་བྱང་སྨན་ཉོ་མཁན་དག་གིས་གཞི་ནས་གནད་དོན་ཚབས་ཆེ་ཞིང་རང་ཉིད་མགོ་སྐོར་ཐེབས་པ་ཚོར་བ་རེད། 
   དེའི་རྗེས་སུ། མི་དམངས་ཉེན་རྟོག་པས་ཁུངས་སྣེ་དེད་ནས་རྗེས་དེད་པ་དང་། མྱུལ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ཧོ་ནན་ཧྲང་ཆིའུ་རྒྱུད་དུ་གནས་པའི་ཞི་པུའུ་ཆུས་མིང་དང་། ཚོ་བྱང་སྨན་རང་བཟོ་བྱེད་པའི་ཉེས་ཅན་ཚོགས་པའི་གནས་ཚུལ་ཐོག་མར་ཁོང་དུ་ཆུད་པ་རེད། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཚོགས་པ་དེའི་གྲུབ་ཆ་རྙོག་འཛིང་ཆེ་བ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཡོད་ཅིང་ །རྒྱལ་ཡོངས་ས་གནས་ཁག་ཏུ་ལས་ཚབ་མི་སྣ་200ལྷག་ཙམ་ཡོད་ཅིང་། ཚོ་བྱང་སྨན་དེ་ཉོ་མཁན་མི་སྟོང་ལྷག་ཡོད་ཅིང་། མྱུར་ཞིབ་དཀའ་ཚེགས་ཆེན་པོ་ལྡན་པ་རེད། 
   གྱོད་ཞིབ་མི་དམངས་ཉེན་རྟོག་པས་ས་ཆ་མང་པོར་མྱུལ་ཞིབ་ཞིབ་ཚགས་བྱས་ནས། སྔ་རྗེས་སུ་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་སོགས་འཛིན་བཟུང་བྱས། ཁོ་མོས་ཁས་ལེན་བྱས་པ་ལྟར་ན། ཁོ་མོས་སྐད་འཕྲིན་ཁྱབ་ཁོངས་ནས་བཙོང་པའི་ཚོ་བྱང་སྨན་ནི་མོའི་གོང་གི་མི་སྟེ་ལི་ཆེ་གེ་མོ་ཡི་ལག་ནས་ཉོས་པ་རེད། མྱུར་ཞིབ་འབྲས་བུ་སྔོག་འདོན་གཏིང་ཟབ་བྱ་ཆེད། མི་དམངས་ཉེན་རྟོག་པ་སླར་ཡང་ས་ཆ་མང་པོར་བསྐྱོད་དེ། སྔ་རྗེས་སུ་ལི་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་འཛིན་བཟུང་བྱས་པ་རེད།
   ད་བར། དུག་ལྡན་ཚོ་བྱང་སྨན་ཐོན་སྐྱེད་དང་བྲིན་ཚོང་གི་གྱོད་གཞི་ཚབས་ཆེན་དེ་རྩད་ཆོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་9འཛིན་བཟུང་བྱས་པ་དང་། ཚོ་བྱང་སྨན་ཐུམ་ཁྲི་1ལྷག་ཙམ་དང་ཞི་པུའུ་ཆུས་མིང་ཁེ་5000ལྷག་ཙམ་བཀག་ཉར་བྱས་པ། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་དངུལ་འབོར་སྒོར་ཁྲི་2200ཟིན་ཡོད་པ་རེད།
   མིག་སྔར་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་9ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།