དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

2020ལོར་བོད་ལྗོངས་ཀྱི་འགོ་ཁྲིད་ལས་བྱེད་པ་མང་པོར་ཆད་པ་བཅད་པ།

སྤེལ་དུས 2021-03-01 ཡོང་ཁུངས། སེམས་ཀྱི་ཞིང་ཁམས་སྤྱི་སྟེགས། རྩོམ་པ་པོ།

          ཉེ་དུས། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ནས་སྤྱི་ལོ་2020ལོའི་ལྟ་སྐུལ་ཞིབ་བཤེར་དང་། ཞིབ་བཤེར་ཞིབ་དཔྱད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
          བརྡ་ཁྱབ་ནང་། སྤྱི་ལོ་2020ལོར་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱི་ཁྱོན་ཡིག་འབུལ་ཐེར་འདོན་4685དང་ལེན་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་4860ཐག་གཅོད་བྱས་ཤིང་། ངོ་འཕྲད་འདྲི་རྩད་732བྱས་ལ། གྱོད་དོན་ཐོ་འགོད་1415བྱས་ཤིང་། མི་1652ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ་རེད། ཐིང་དང་ས་ཁུལ་རིམ་པའི་ལས་བྱེད་པ་24ལ་ཆད་པ་བཅད་པ་དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་178ལ་ཆད་པ་བཅད་ཅིང་། ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་481ལ་ཆད་པ་བཅད་ལ། ལས་བྱེད་པ་དཀྱུས་མ་218ལ་ཆད་པ་བཅད་པ་རེད། གྲོང་གསེབ་དང་ཁེ་ལས་སོགས་དེ་མིན་གྱི་མི་སྣ་751ལ་ཆད་པ་བཅད་པ་རེད།

     བརྡ་ཁྱབ་ནང་སྤྱི་ལོ་2020ལོར། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་རྣམ་པ་ཁག་བཞིའི་སྐྱོན་བརྗོད་སློབ་གསོའི་བྱ་ཐབས་སྤྱད་དེ་མི་ཐེངས་6062ལ་རོགས་རམ་དང་ཐག་གཅོད་བྱས་པ་རེད། དེའི་ཁྲོད་དུ་རྣམ་པ་ཁག་དང་པོས་མི་ཐེངས་4366ལ་སྐྱོན་བརྗོད་སློབ་གསོའི་རོགས་རམ་ཐུབ་པ་དེས་སྤྱིའི་མི་གྲངས་ཀྱི་72%ཟིན་ཡོད་པ་དང་། རྣམ་པ་ཁག་གཉིས་པས་མི་ཐེངས་1226ཐག་གཅོད་པ་བྱས་པ་དེས་20.2%ཟིན་ཞིང་། རྣམ་པ་ཁག་གསུམ་པས་མི་ཐེངས་296ཐག་གཅོད་བྱས་པ་དེས་4.9%ཟིན་ལ། རྣམ་པ་ཁག་བཞི་པས་མི་ཐེངས་174ཐག་གཅོད་བྱས་པ་དེས་2.9%ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།