ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

སྒོར་༩༠༠༠ཁ་བསླུས་ཐེབས་རྗེས་མི་དེས་་་ ​

སྤེལ་དུས 2021-10-08 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

       ཉེ་ཆར།  ཁྲེང་ཀོན་ཆུད་སྤྱི་བདེ་ཡན་ལག་ཅུད་བཅིངས་འགྲོལ་ལམ་མངགས་གཏོང་ཁང་དགུང་སྔོན་བྱང་ལམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་དྲ་ཐོག་དངུལ་བུན་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་དུས་ཐོག་ཏུ་བཀག་སྡོམ་བསླབ་བྱ་བྱས་ནས་གྱོང་གུན་སྒོར་༩༠༠༠ལས་ཕོག་མི་འདུག

       སྤྱི་ཟླ་༡༠ཚེས་༥ཉིན།  མང་ཚོགས་བློ་ཆེ་གེ་མོས(མིང་ཚབ)མངའ་ཁུལ་དུ་མགོ་སྐོར་གཡོ་ལེན་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་བཞིན་པའི་དགུང་སྔོན་བྱང་ལམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་བཙལ་ཏེ།  རང་ཉིད་ལ་གློག་འཕྲིན་ཐོག་ནས་ཁ་བསླུས་ཐེབས་པ་དང་གཅིག་མཚུངས་བྱུང་བས། མི་དམངས་ཉེན་རྟོག་པས་དབྱེ་འབྱེད་བྱེད་རོགས་ཞུས་རྗེས།  མི་དམངས་ཉེན་རྟོག་པས་བློ་ཆེ་གེ་མོའི་ཞིབ་ཕྲའི་གནས་ཚུལ་འདྲི་རྩད་བྱས་རྗེས།  ཉེ་ཆར་བློ་ཆེ་གེ་མོས་དྲ་ཐོག་དངུལ་བུན་སྒོར་༣༠༠༠༠གཏོང་བའི་རེ་འདུན་ཞུས་མོད།  འོན་ཀྱང་APPཡིས་དངུལ་བུན་གཏན་ནས་བཏང་མེད་ཅིང་།  ཞབས་ཞུ་བས་བློ་ཆེ་གེ་མོར་དངུལ་ཁང་བྱང་བུའི་ཨང་གྲངས་ནོར་འདུག་ཅེས་བཤད་པར་མ་ཟད།  དངུལ་བུན་གཏོང་བའི་དངུལ་གྲངས་ཀྱི་༣༠%(སྒོར་༩༠༠༠)ཡི་གཱ་སྤྱད་དེ་བྱང་བུའི་ཨང་གྲངས་དག་བཅོས་བྱེད་ཐུབ་ཅིང་།  དངུལ་བུན་སྒོར་༣༠༠༠༠དེ་ཡང་དངུལ་བྱང་ཐོག་གཞི་ནས་བརྒྱག་རྒྱུ་ཡིན་ཞེས་བཤད་ལུགས་བརྗོད་པ་རེད།  བློ་ཆེ་གེ་མོའི་གནས་ཚུལ་ལ་ཉན་རྗེས།  ཉེན་རྟོག་པས་དེ་མ་ཐག་དེ་ནི་དཔེ་མཚོན་གྱི་དྲ་ཐོག་དངུལ་བུན་གྱི་གཡོ་ཇུས་ཤིག་ཡིན་པ་ཐག་གིས་བཅད་པ་རེད། དེའི་རྗེས་མི་དམངས་ཉེན་རྟོག་པས་དཔེ་མཚོན་གྱི་ཁ་བསླུས་གྱོད་གཞི་དང་ཟུང་འབྲེལ་བྱས་ནས་བློ་ཆེ་གེ་མོར་རྒྱུན་དུ་མཐོང་བའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཐབས་ལམ་ཐེར་འདོན་བྱས་པར་མ་ཟད།  ཁོང་ལ་ཁོམ་པ་ཡོད་དུས་རྒྱལ་ཁབ་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་དོགས་ཟོན་རང་བཞིན་ཆེ་རུ་གཏང་དགོས་པའི་གསལ་བཤད་བྱས་པ་རེད།

      རྒྱལ་སྟོན་རིང་།  སྡེ་ཁུལ་མང་ཚོགས་ཀྱི་མགོ་སྐོར་མི་ཐེབས་པའི་འདུ་ཤེས་ཟབ་ཏུ་གཏོང་ཆེད།  ཉེན་རྟོག་པ་ཚོ་ཁྲོམ་གཞུང་དང་སྡེ་ཁུལ་དུ་བསྐྱོད་དེ་གློག་འཕྲིན་ཐོག་ནས་ཁ་བསླུས་རྒྱག་པའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།