ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

​མི་འདིས་བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲཊ་པས་་་

སྤེལ་དུས 2022-04-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
   སྤྱི་ལོ་2022ལོའི་ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བདུན་པ་རེད། ཉེ་ཆར། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དཔེ་མཚོན་ཅན་གྱི་གྱོད་གཞི་མང་པོ་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་གཏོང་པ་དང་། མཉམ་དུ་རྒྱལ་ཁབ་བདེ་འཇགས་གི་སྲ་ཞིང་བརྟན་པའི་སྲུང་སྐྱོང་འཛིང་རགས་བསྐྲུན་རྒྱུར་འབོད་སྐུལ་བཏང་ཡོད་པ་རེད།
    སྤྱི་ལོ་2021ལོའི་ཟླ་3པར། བྱ་བའི་དགོས་མཁོའི་དབང་གིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཟ་ཁང་ཞིག་ཏུ་ཐེངས་མང་པོར་སོང་ནས་ལས་དོན་སྒྲུབ་པ་དང་ཁྲིམས་ལྟར་ཟ་ཁང་དེའི་སྤྱི་གཉེར་པ་གཞོན་པ་ཧོང་ཆེ་གེ་མོས་གཞོགས་འདེགས་བྱས་ནས་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་པ་དང་མཉམ་དུ་རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་བྱེད་དགོས་པའི་འོས་འགན་ཡང་བཤད། འོན་ཀྱང་ཡུན་རིང་མ་འགོར་བར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ལས་དོན་སྒྲུབ་སྐབས།  ཟ་ཁང་དེས་བརྟག་དཔྱད་ལ་གཞོགས་འདེགས་བྱས་པའི་གནས་ཚུལ་སྐོར་མི་སྣ་གཞན་གྱིས་ཤེས་རྟོགས་བྱུང་ནས་རྗེས་མཐུད་ཀྱི་བྱ་བར་གནོད་པ་ཚབས་ཆེན་བཟོས་ཡོད་པ་ཤེས་རྟོགས་བྱུང་།
    རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གནས་ཚུལ་དེར་བརྟག་དཔྱད་གཏིང་ཟབ་ཐེངས་ཤིག་བྱས་པ་དང་། སྔར་ལས་ལྷག་པར་བརྟག་དཔྱད་ཞིབ་ཚགས་བྱས་ནས་བདེན་དཔང་བྱས་པ་བརྒྱུད་དེ་ཧོང་ཆེ་གེ་མོས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གསང་བ་ཕྱིར་བསྒྲགས་པ་ར་སྤྲོད་བྱས་ཤིང་ཧོང་ཆེ་གེ་མོས་ཕྱིར་བསྒྲགས་པའི་ནང་དོན་ནི་གསང་བའི་རིམ་པའི་རྒྱལ་ཁབ་ཀྱི་གསང་བ་ཞིག་ཡིན་པ་གསལ་འབྱེད་བྱས།  
    བདེན་དཔང་ལ་ར་སྤྲོད་བྱས་པའི་མདུན་དུ་ཧོང་ཆེ་གེ་མོས་རྒྱལ་ཁབ་ཀྱི་གསང་བ་ངེས་པར་དུ་བསྲུང་དགོས་ཚུལ་གསལ་པོར་བཤད་པའི་ཆ་རྐྱེན་འོག་ཏུ། སྔ་ཕྱིར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་དོན་བསྒྲུབས་པའི་གནས་ཚུལ་བསམ་བཞིན་དུ་ཕྱི་ཕྱོགས་སུ་ཐེངས་གཉིས་ལ་བསྒྲགས་ཚུལ་གསལ་བོར་བཤད་པ་དང་།  གཞན་ད་དུང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དེ་སྔོན་ཁྲིམས་ལྟར་ཧོང་ཆེ་གེ་མོར་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་འདོན་སྐབས། ཁོས་གྱོད་གཞི་སྒྲུབ་མཁན་ལ་ཤེས་རྟོགས་བྱུང་བའི་གནས་ཚུལ་བསམ་བཞིན་དུ་སྦ་གསང་བྱས་པ་རེད།
    གོང་གི་ཁྲིམས་འགལ་དོན་དངོས་ལ་དམིགས་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》ཀྱི་དོན་ཚན་སོ་གཅིག་པའི་གཏན་འབེབས་ལྟར། སྤྱི་ལོ་2021ལོའི་ཟླ་6པའི་ཚེས་17ཉིན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཧོང་ཆེ་གེ་མོར་ཉིན་བཅོ་ལྔའི་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད།
    རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་རྒྱལ་དམངས་རེ་རེར་འགན་ཁུར་ཡོད་པས་མི་ཚང་མ་དེའི་ཁྲོད་ཞུགས་ཏེ་རང་རང་གི་སྟོབས་ཤུགས་འབུལ་དགོས། རྒྱལ་ཁབ་ཇི་ལྟར་བདེ་འཇགས་བྱུང་ན་མི་དམངས་ལའང་དེ་ཙམ་གྱི་བདེ་འཇགས་ཚོར་སྣང་ཡོད་ལ། མི་དམངས་ལ་བདེ་འཇགས་འདུ་ཤེས་ཇི་ཙམ་ཡོད་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལའང་དེ་ཙམ་གྱི་རྒྱབ་རྟེན་ཡོད།