ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་ནང་འདྲེན་འཁྱག་སྦྲེལ་ཟས་རིགས་ཀྱི་ལྟ་རྟོག་དོ་དམ་ཇེ་དྲག་ཏུ་བཏང་བ།

སྤེལ་དུས 2022-04-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
   རིམས་ནད་བྱུང་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་ཁྲོམ་རའི་ལྟ་རྟོག་དོ་དམ་ཁྱབ་ཁོངས་ཀྱི་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་སོ་སོ་ཞིབ་ཅིང་ཕྲ་ལ་གཟབ་ནན་གྱིས་དངོས་འབེབས་བྱས་པ་དང་། ནང་འདྲེན་འཁྱག་སྦྲེལ་ཟས་རིགས་ཀྱི་ལྟ་རྟོག་དོ་དམ་ཇེ་དྲག་དང་། ནང་འདྲེན་འཁྱག་སྦྲེལ་ཟས་རིགས་ཀྱི་གྲལ་བཤེར་ཐག་གཅོད་བྱ་བར་དམ་འཛིན་བྱས་ཏེ། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཚོང་འདུ་ཁྲོམ་ར། བཟའ་བཏུང་ཞབས་ཞུ་ལས་ཁུངས་སོགས་གཙོ་གནད་གོ་རིམ་དང་གཙོ་གནད་འདུ་གནས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བྱེད་ཤུགས་ཆེར་བསྐྱེད་ནས། རིམས་ནད་འགོག་སྡོམ་བྱེད་ཐབས་ཁག་སོ་སོ་དངོས་ལ་ཕབ་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱས། 
  རིམ་པ་སོ་སོའི་ཁྲོམ་རའི་ལྟ་རྟོག་དོ་དམ་སྡེ་ཁག་གིས“མི་དང་དངོས་ཟོག ཁོར་ཡུག”བཅས་གནད་འགག་གསུམ་དམ་པོར་བཟུང་བ་དང་། ཚད་གཞི་མཐོ་ཤོས་དང་བླང་བྱ་གཟབ་ཤོས་ཀྱི་སྒོ་ནས་ནང་འདྲེན་འཁྱག་སྦྲེལ་ཟས་རིགས་དང་འབྲེལ་ཡོད་ལས་གཉེར་མི་སྣའི་ཉེན་ཁ་གྲལ་བཤེར་དག་ཐེར་ལེགས་བཅོས་ཆེད་དོན་བརྟག་དཔྱད་འགུལ་སྐྱོད་སྤེལ། ནང་འདྲེན་འཁྱག་སྦྲེལ་ཟས་རིགས་ལ་སྙན་ཞུ་ཐོ་འགོད་ལམ་ལུགས་དང་། "ཆེད་དོན་གསུམ། དཔང་ཡིག་གསུམ། མི་རུང་བ་བཞི"བཅས་ཀྱི་བླང་བྱ་དུས་ཚོད24སྔོན་ལ་དངོས་འབེབས་བྱེད་པ་དང་། མཚོ་སྔོན་དུ་འདྲེན་པའི་འཁྱག་སྦྲེལ་ཁུངས་འདེད་མ་ལག་སོགས་བེད་སྤྱོད་གནས་ཚུལ་ལ་གཙོ་གནད་ཀྱིས་བརྟག་དཔྱད་བྱས་ཏེ། ནང་འདྲེན་འཁྱག་སྦྲེལ་ཟས་རིགས་ལས་གཉེར་གཙོ་གཞིའི“ཚོང་འདྲེན་དང་། གསོག་ཉར། ལས་སྣོན། ཕྱིར་ཚོང”བཅས་ཀྱི་གོ་རིམ་ཡོངས་ལ་ལྟ་རྟོག་དོ་དམ་བྱས་ཏེ། སྒོ་སྡོམ་དོ་དམ་སྒྲུབ་ཐུབ་པར་བྱས། 
  མིག་སྔར་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཕྱོགས་གསུམ་པའི་འཁྱག་མཛོད486དང་། བཟའ་བཏུང་ལས་ཁུངས་ཀྱི་འཁྱག་མཛོད3028། ཟི་ལིང་སྤྱིའི་འཁྱག་མཛོད་བཅས་ཀྱི་ནང་འདྲེན་འཁྱག་སྦྲེལ་ཟས་རིགས་ཏུན18052.5ལ་བརྟག་དཔྱད་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་མཛོད་ཉར་འཁྱག་སྦྲེལ་ཟས་རིགས་དང་། མི་སྣ། རླངས་འཁོར་སོགས་ཉིང་སྐྱུར་མ་དཔེ34016བླངས་ཤིང་། ཉིང་སྐྱུར་བརྟག་འབྲས་ཚང་མ་སྲིབ་གཤིས་མངོན། །