ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཁྲིམས་འགལ་འདོད་སྲེད་ཀྱིAPPབཀོལ་རྗེས་སྒོར་ཁྲི142 མགོ་སྐོར་ཐེབས།

སྤེལ་དུས 2022-05-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་གྱི་ཕོ་གཞོན་ཞའོ་སུང་གིས་ལག་ཐོགས་ཁ་པར་སྤྱད་དེ་ཁྲིམས་འགལ་འདོད་སྲེད་དང་འབྲེལ་བ་ཡོད་པའི་APPཞིག་བཀོལ་བ་དང་། APPདེའི་ལས་སྟེགས་ཀྱི་ཞབས་ཞུ་བས་ཞའོ་སུང་ལ་བྲིན་ཚོང་རྩིས་ཐོ་རྫུན་བཟོའི་ནང་ཞུགས་ན། རིན་པ་མི་དགོས་པར་ཚོགས་མིར་ཐོ་འགོད་བྱེད་ཆོག་པ་དང་། APPདེའི་ནང་གི་པར་རིས་དང་བརྙན་ཕབ་ལ་བལྟ་ཆོག་ཅེས་བཤད། དེས་ན། ཞབས་ཞུ་བའི་ཁྲིད་སྟོན་འོག ཞའོ་སུང་གིས་སྔ་གཞུག་ཏུ་ཕར་ཕྱོགས་ལ་དངུལ་ཐེངས་མ་24བསྐུར་བར་ཁྱོན་བསྡོམས་སྒོར་ཁྲི142ཟིན་ཡོད་པ་དང་། མཐར་དངུལ་ཚུར་ལེན་མི་ཐུབ་པ་ཤེས་སྐབས་གཞི་ནས་མགོ་སྐོར་ཐེབས་པ་ཤེས་ཡོད། ཞའོ་སུང་གིས། སྐབས་དེར་བསམ་གཞིག་གི་ནུས་པ་མེད་པས་རང་ཉིད་ལ་ཚོད་འཛིན་བྱེད་ཐབས་བྲལ་འདུག་ཅེས་བཤད། དེ་རྗེས་ཁུངས་སྣེར་གཞིགས་ནས། ཉེན་རྟོག་ཕྱོགས་ཀྱིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་8འཛིན་བཟུང་བྱས་པ་དང་། ཁ་བསླུས་བརྒྱབ་པའི་སྒོར་ཁྲི་25བསྡམས་བཅད་བྱས་ཡོད་པ་རེད།