དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

གྱོད་འབྲེལ་དངུལ་སྒོར་དུང་ཕྱུར17.88ལས་བརྒལ་བས་སྲོག་ཁྲིམས་བཅད་འདུག

སྤེལ་དུས 2021-01-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ལོ་2021ལོའི་ཟླ་1ཚེས་5ཉིན། ཐན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་ཐན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཁང་གཉིས་པས་གཞུང་གཏུག་བྱས་པའི་ཀྲུང་གོ་ཧྭ་རོང་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ལས་འཛིན་ལའེ་ཞའོ་མིན་(赖小民)གྱིས་ལྐོག་རྔན་བླངས་པ་དང་། ལྐོག་ཟ་བྱས་པ། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ་བཅས་ཀྱི་གྱོད་གཞིའི་བཅད་ཁྲ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་ཡོད། ཞུ་སྦྱོར་ཕྱི་མ་ལའེ་ཞའོ་མིན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པས་སྲོག་ཁྲིམས་གཅོད་རྒྱུ་དང་། ཚེ་གང་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། ལྐོག་ཟའི་ནག་ཉེས་ཀྱིས་དུས་བཀག་བཙོན་བཅུག་ལོ་བཅུ་གཅིག་གི་ཉེས་ཆད་གཅོད་རྒྱུ་དང་། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ། སྒོར་ས་ཡ་གཉིས་ཀྱི་དངུལ་ཆད་གཅོད་རྒྱུ་བཅས་དང་། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་ནག་ཉེས་ལ་དུས་བཀག་བཙོན་འཇུག་ལོ་གཅིག་གི་ཆད་པ་གཅོད་རྒྱུ་དང་། སྲོག་ཁྲིམས་ལག་ལེན་བསྟར་རྒྱུ། ཚེ་གང་ཆབ་སྲིད་དབང་ཆ་འཕྲོག་རྒྱུ། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད།


          དེ་དང་དུས་མཚུངས་སུ་ཁྲིམས་ཁང་གིས་ལའེ་ཞའོ་མིན་གྱིས་ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་དང་དེའི་སྐྱེད་འཕེལ་བདའ་འདེད་བྱས་ཏེ་རྒྱལ་མཛོད་དུ་འབུལ་རྒྱུ་དང་། མི་འདང་བའི་ཆ་མུ་མཐུད་དུ་བདའ་འདེད་བྱེད་དགོས་པ། ལྐོག་ཟ་བྱས་ནས་ཐོབ་པའི་རྒྱུ་དངོས་རྣམས་བཅའ་ཁྲིམས་ལྟར་གནོད་འཚེ་ཕོག་མཁན་སྡེ་ཚན་ལ་ཕྱིར་སྤྲོད་དགོས་པའི་ཐག་བཅད་ཡོད།
          ཞིབ་གཅོད་བྱས་པ་བརྒྱུད་ཤེས་པར། སྤྱི་ལོ་2008ལོ་ནས་2018ལོའི་བར། ཞུ་སྦྱོར་ཕྱི་མ་ལའེ་ཞའོ་མིན་གྱིས་དེ་སྔའི་ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཐིང་གྱི་ཀྲུའུ་རེན་དང་། དེ་སྔའི་ཀྲུང་གོ་ཧྭ་རོང་རྒྱུ་ནོར་དོ་དམ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་འདོམས་པ། ཀྲུང་གོའི་ཧྭ་རུང་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ལས་འཛིན། ཧྭ་རོང་ཤང་ཅང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་ཁུར་རིང་། གོ་གནས་དང་དབང་ཆ་སྤྱད་དེ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཞན་དག་བརྒྱུད་དེ་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་མ་དངུལ་བསྡུ་རུབ་དང་། ལས་གྲྭ་སྒྲུབ་ལེན། མཉམ་ལས་གཉེར་སྐྱོང་། ལས་གནས་བཀོད་གཏོང་། དེ་བཞིན་གོ་གནས་གནས་འཕར་སོགས་ཀྱི་དོན་དག་ཐད་ལ་རོགས་རམ་བྱས་ཏེ། ཐད་ཀར་རམ་ཡང་ན་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་སྤྲད་པའི་རྒྱུ་ནོར་ཁྲིམས་འགལ་གྱིས་བླངས་པ་དང་སློང་ལེན་བྱས་པ་ཁྱོན་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་17.88ཟིན་ཡོད་པ་དང་། དེའི་ཁྲོད་དུ་སྒོར་དུང་ཕྱུར་1.04ལྷག་དངོས་སུ་བླངས་མེད་པས་ཉེས་དམིགས་མ་གྲུབ་པའི་ཁོངས་སུ་གཏོགས།
          སྤྱི་ལོ་2009ལོའི་ལོ་མཇུག་ནས་2018ལོའི་ཟླ་དང་པོའི་བར། ལའེ་ཞའོ་མིན་གྱིས་དེ་སྔའི་ཀྲུང་གོ་ཧྭ་རོང་རྒྱུ་ནོར་དོ་དམ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་འདོམས་དང་། ཀྲུང་གོ་ཧྭ་རོང་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ལས་འཛིན། ཧྭ་རོང་ཤང་ཅང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ། དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་དང་མཉམ་དུ་མི་དམངས་ཤོག་སྒོར་ཁྲི་2513ལྷག་ཙམ་བཙན་བཟུང་བྱས་ཡོད་པ་དང་། དེ་ལས་གཞན། ལའེ་ཞའོ་མིན་དང་བཟའ་ཟླའི་ཁྲིམས་མཐུན་གྱི་གཉེན་སྒྲིག་འབྲེལ་བ་མུ་མཐུད་དུ་གནས་བཞིན་དུ་མི་གཞན་དང་དུས་ཡུན་རིང་པོ་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་དུ་བསྡད་དེ་འཚོ་བ་བསྐྱལ་བ་མ་ཟད། བུ་ཕྲུག་ཀྱང་གསོས་ཡོད།

          ཐན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་ཞུ་སྦྱོར་ཕྱི་མ་ལའེ་ཞའོ་མིན་གྱི་བྱེད་སྟངས་དེ་རིགས་ལྐོག་རྔན་ལེན་པའི་ནག་ཉེས་དང་། ལྐོག་ཟའི་ནག་ཉེས། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་ནག་ཉེས་བཅས་གྲུབ་པའི་ངོས་འཛིན་བྱས་ཡོད་པ་དང་། ལའེ་ཞའོ་མིན་གྱིས་རྒྱུ་རྔན་ཟ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་ཞིང་། ཉེས་ཚབས་ཧ་ཅང་ཆེ་བ་དང་། རང་ངོས་ཀྱི་ངན་སྐྱོན་ཧ་ཅང་ཚབས་ཆེ་བ་བཅས་ཡོད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་ཉེར་གཉིས་ནང་། ཐེངས་གསུམ་སོ་སོར་སྒོར་དུང་ཕྱུར་2དང་། སྒོར་དུང་ཕྱུར་4སྒོར་དུང་ཕྱུར་6ཡན་བཅས་ཟིན་པ་དང་། ཐེངས་དྲུག་པོ་ཚང་མ་སྒོར་ཁྲི་4000ཡན་ཟིན་ཡོད་པ་རེད།
          དེ་དང་ཆབས་ཅིག ལའེ་ཞའོ་མིན་ལ་མི་གཞན་གྱི་ས་ནས་ལྐོག་རྔན་ལེན་པ་དང་། མི་གཞན་གྱི་གོ་གནས་ལེགས་སྒྲིག་དང་གོ་གནས་སྤར་བར་རོགས་རམ་བྱས་པར་རྒྱུ་ནོར་བླངས་པ་སོགས་ཀྱི་ཆད་པ་ནན་པོ་གཅོད་འོས་པའི་གནས་ཚུལ་ཡོད་པ་དང་། ལའེ་ཞའོ་མིན་གྱིས་ནག་ཉེས་གསོག་པའི་བྱ་སྤྱོད་ཁྲོད་དུ་རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་ཁེ་ལས་ཀྱི་འགན་འཁུར་བའི་འགན་དབང་བེད་སྤྱད་དེ། ཁྲིམས་འགལ་གྱིས་ཀུང་སིའི་ལས་གཞི་གལ་ཆེན་ཐག་གཅོད་བྱས་པ་དང་། རིམ་པ་ལས་བརྒལ་ཏེ་བྱེ་བྲག་གི་ལས་གཞིར་ཐེ་གཏོགས་བྱས་ཏེ། མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་དང་དངུལ་རྩའི་གཏན་འཇགས་ལ་གནོད་འཚེ་བཏང་བས། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད།

          ལའེ་ཞའོ་མིན་གྱིས་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་བརྩི་སྲུང་མི་བྱེད་ཅིང་། འདོད་རྔམ་ཆེ་བས། ཉེས་གསོག་གི་བྱ་སྤྱོད་མང་ཆེ་བ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་བྱུང་བ་ཡིན་ཞིང་། དཔེ་མཚོན་ཅན་གྱི་འདོད་ཆུང་མི་བྱེད་པ་དང་། ལག་མི་བསྡུ་བ། བཀག་རྒྱ་ཟུར་དུ་བཞག་ནས་ཉེས་དོན་བཟོ་བ་བཅས་ཀྱི་ཁོངས་སུ་གཏོགས་པ་མ་ཟད། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད་པས། སྤྱི་ཚོགས་ལ་གནོད་འཚེ་ཧ་ཅང་ཆེ་བ་དང་། ཉེས་སྤྱོད་ཧ་ཅང་ཚབས་ཆེ་བས། ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་འོས།
          ལའེ་ཞའོ་མིན་གྱིས་ལག་འོག་མི་སྣའི་ནག་ཉེས་ཀྱི་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱས་པ་མ་ཟད། དེ་དག་དོན་དངོས་དང་མཐུན་པས། བྱས་རྗེས་ཆེན་པོ་བཞག་ཡོད་མོད། འོན་ཀྱང་དེས་བསགས་པའི་ལྐོག་རྔན་བླངས་པའི་ནག་ཉེས་ཀྱི་དོན་དངོས་དང་། ངོ་བོ། ཉེས་ཚབས། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་བཅས་ཕྱོགས་བསྡོམས་བྱས་ན། དེར་གུ་ཡངས་གཏོང་མི་འོས་པས་ཁྲིམས་ཁང་གིས་གོང་གསལ་གྱི་ཁྲིམས་ཆད་བཅད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།