དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

བསྙད་རྐོ་ཟིང་སློང་བྱས་པས་མི10བཀག་ཉར་བྱས་འདུག

སྤེལ་དུས 2021-01-26 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེན་ཀོན་སྤྱི་བདེ་ཡན་ལག་ཅུས་ཀརྨ་དགོན་གསར་མངགས་གཏོང་ཁང་གིས་ཆང་རག་བཏུང་རྗེས་བསྙད་རྐོ་ཟིང་སློང་གི་གྱོད་གཞི་ཞིག་ཐག་བཅད་པ་དང་། མི10སྲིད་འཛིན་བཀག་ཉར་བྱས་པ་རེད།

           ཟླ་དང་པོའི་ཚེས16ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོའི་ཡས་མས་སུ། ཀརྨ་དགོན་གསར་མངགས་གཏོང་ཁང་ལ་དེའི་མངའ་ཁོངས་ཀྱི་ཨར་ཁང་ཞིག་ནང་རྒྱག་རེས་རྒྱག་པའི་ཉེན་བརྡ་འབྱོར་པ་དང་། ཉེན་བརྡ་འབྱོར་རྗེས། མི་དམངས་ཉེན་རྟོག་པ་འཕྲལ་དུ་ས་ཡུལ་དངོས་ལ་ཕྱིན་ནས་འབྲེལ་ཡོད་གནས་ཚུལ་བརྟག་དཔྱད་བྱས་པ་རེད། 
           ཉེན་རྟོག་པ་ས་ཡུལ་དངོས་ལ་འབྱོར་རྗེས། གྱོད་གཞི་དང་འབྲེལ་བའི་མི10ཚོད་འཛིན་བྱས་པར་མ་ཟད། མངགས་གཏོང་ཁང་ལ་འདྲི་རྩད་བྱེད་པར་ཁྲིད་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཉིན་དེའི་ཐོ་རེངས་ཆུ་ཚོད་དང་པོའི་ཡས་མས་སུ་རིག་ཆེ་གེ་མོ་དང་དེའི་གྲོགས་པོས་ཆང་རག་བཏུང་རྗེས་ཨར་ཁང་ཁེར་ཤག་གི་བརྙན་འཕྲིན་ཞིག་བཅགས་པས་ཨར་ཁང་གི་ལས་དོན་མི་སྣ་དང་ཁ་རྩོད་ཤོར་བར་མ་ཟད་རྒྱག་རེས་ཤོར་བ་རེད། 

           བརྟག་དཔྱད་བྱས་པ་བརྒྱུད། རིག་ཆེ་གེ་མོ་སོགས་མི10ཆང་རག་བཏུང་རྗེས་བསྙད་རྐོ་ཟིང་སློང་བྱས་པའི་ཁྲིམས་འགལ་དོན་དངོས་ལ་སྦས་གསང་མེད་པར་ངོས་ལེན་ཞུས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་བཞིན་རིག་ཆེ་གེ་མོ་སོགས་མི10སྲིད་འཛིན་བཀག་ཉར་ཉིན་11ནས་15བར་བྱ་རྒྱུའི་ཆད་པ་བཅད་པ་རེད།
           དེར་བརྟེན། རྩོམ་སྒྲིག་པས་གཤམ་དུ་རྒྱག་རེས་བརྒྱབ་པའི་མ་གནས་པར་རིས་ཤིག་བཀོད་སྒྲིག་ཞུས་ཡོད་པས། ངར་ལངས་དུས་གཟིགས་ཙམ་གནང་རྒྱུའི་རེ་བ་ཆེའོ།།

རྩོམ་སྒྲིག་པ། བདེ་སྒྲོལ།