ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཁོས་གཞུང་ནོར་སྒོར་བྱེ་བ་7ཧམ་བཟུང་བྱས་ནས་བག་མེད་ལོངས་སྤྱོད་བྱས།

སྤེལ་དུས 2022-01-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཀྲང་ཡུས་ཅེ། སྤྱི་ལོ་1995ལོའི་ཟླ་3པར་སྐྱེས། ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་གཏན་འཇགས་ནོར་རྫས་ཐོ་འགོད་ལྟེ་གནས་ཀྱི་དེ་སྔའི་ལས་དོན་མི་སྣ་ཡིན། ཁོས་སྤྱི་ལོ་2016ལོ་ནས་སྤྱི་ལོ་2019ལོའི་བར་གཞུང་ནོར་སྒོར་བྱེ་བ་7ལ་ཉེ་བ་ཧམ་བཟུང་བྱས་པས། ཚེ་གང་བཙོན་འཇུག་གི་ཁྲིམས་ཆད་ཕོག་ཡོད། ཁོས་དྲ་རྒྱའི་རོལ་རྩེད་ཐད་དངུལ་འབོར་ཆེན་བཏང་ཡོད་པ་དང་། གྱོད་འབྲེལ་ནོར་རྫས་ཁྲོད་དུ་རོལ་རྩེད་ཀྱི་སྒྲིག་ཆས་མང་པོ་ཚུད་ཡོད། དྲ་རྒྱའི་རོལ་རྩེད་ཐད་དངུལ་འབོར་ཆེན་བཏང་བ་ཕུད་གཞན་ཀྲང་ཡུས་ཅེ་ཡིས་ཧམ་བཟུང་བྱས་པའི་དངུལ་མང་ཆེ་བ་རང་ཉིད་དང་དགའ་རོགས་ཀྱི་འཛད་སྤྱོད་ཆེན་པོའི་ཐད་བཏང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།