ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

དགེ་རྒན་གྱིས་འཆལ་རྩེད་བྱས་འདུག་ཟེར་བའི་ཐད་བརྡ་ཁྱབ་བཏང་།

སྤེལ་དུས 2022-02-22 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           ཟླ་2ཚེས་21ཉིན། ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཐའོ་ཁྲེང་ཡན་ལག་ཅུས་ཀྱི་གཞུང་ཕྱོགས་པོད་ཕྲན་ཐོག དྲ་རྒྱ་ཐོག་ཏུ་ཧེང་ཧྲུའེ་ཐའོ་ཁྲེང་སློབ་འབྲིང་གི་དགེ་རྒན་ཞུས་ཆེ་གེ་མོས་མི་གཞན་ལ་འཆལ་རྩེད་བྱས་པའི་དོགས་པ་ཡོད་པ་ཁྱབ་སྤེལ་གནས་ཚུལ་སྐོར་ལ་བརྡ་ཁྱབ་བཏང་འདུག 
           དེ་གོང་གནས་ཚུལ་སྤེལ་བར་གཞིགས་ན། 
           ཉེ་ཆར། ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་ཐའོ་ཁྲེང་སློབ་འབྲིང་གི་སློབ་མ་ཡིན་ཞེས་བརྗོད་པའི་དྲ་གྲོགས་ཤིག་གིས་དྲ་ཐོག་ཏུ་རྩོམ་རིང་སྤེལ་ནས། ཐའོ་ཁྲེང་སློབ་འབྲིང་དུ་སྒྲིག་འགལ་གྱི་བྱེད་སྤྱོད་མང་པོ་ཡོད་པ་བརྗོད། དེའི་ནང་སྒྲིག་འགལ་ངང་ཡིག་རྒྱུགས་སྒྲིག་འཛུགས་དང་། ཡིག་རྒྱུགས་ཨང་རིམ་ཡོངས་བསྒྲགས་བྱས་པ། དགེ་རྒན་གྱིས་སློབ་ཕྲུག་ལ་ལུས་ཆད་ངག་ཆད་གཏོང་བ་སོགས་ཀྱི་གནད་དོན་ཚུད་ཡོད་པ་མ་ཟད། ད་དུང་རང་ཉིད་ཡི་མུག་པའི་ནད་ཡོད་པའི་དབང་གིས་སློབ་སྦྱོང་དགོངས་ཞུ་བྱེད་རྩིས་ཡོད་བརྗོད། 
           དེའི་ཐད། ཧེང་ཧྲུའེ་གྲོང་ཁྱེར་ཐའོ་ཁྲེང་ཆུས་སློབ་གསོ་ཅུས་ཀྱིས་ཚེས་18ཉིན་ཐའོ་ཧྲུའེ་གྲོང་ཨུད་དང་ཆུས་སྲིད་གཞུང་གིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་པ་དེ་ཐའོ་ཁྲེང་སློབ་འབྲིང་དུ་བཅའ་སྡོད་བྱས་ཏེ་ཁྱོན་ཡོངས་ནས་ཞིབ་དཔྱད་དང་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་ལན་བཏབ་པ་རེད།