དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

བོད་ཀྱི་མགུར་གླུ་གསར་རྩོམ།

སྤེལ་དུས 2020-12-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཨ་ཏི་དཔལ་རབ།
               ཤར་ཕྱོགས་རི་བོ་རྩེ་ནས།  །
               དཀར་གསལ་ཟླ་བ་ཤར་སོང་།  །
               མ་སྐྱེས་ཨ་མའི་ཞལ་རས།  །
               ཡིད་ལ་འཁོར་འཁོར་བྱས་སོང་།  །

               ཆུང་འདྲིས་ཁྱེད་ལ་ཅི་དགོས།  །
               བདག་ལ་འདི་དགོས་གསུང་ཤོག  །
               ནམ་མཁའི་སྐར་མ་ཡིན་ན།  །
               སྐས་འཇའ་བཙུགས་ནས་ལེན་ཡོང་།  །

               རི་མགོ་བརྒྱ་རིག་སྟོང་རིག  །
               རང་ཡུལ་རི་མགོ་མི་རིག  །
               རོགས་ལོ་བརྒྱ་རིག་སྟོང་རིག  །
               ཆུང་འདྲིས་རོགས་དགའ་མི་རིག  །

               ནམ་མཁའི་སྤྲིན་པ་དཀར་པོ།  །
               དཀར་ཡང་གནས་པ་མ་རེད།  །
               རང་སེམས་སྟེང་གི་ཆུང་འདྲིས།  །
               ཆུང་ཡང་འགྱུར་བ་མ་རེད།  །

               རྫ་རི་མཐོན་པོ་ཡིན་ན།  །
               རྫ་འགོར་སྨུག་པ་ཡོད་དགོས།  །
               ཉེ་འགོ་མཐོན་པོ་ཡིན་ན།  །
               ཤེས་དང་རྒྱུ་བ་ཡོད་དགོས།  །

               གོས་ཆེན་རྒྱུ་བ་རྩྭ་རེད།  །
               ལུས་ལ་གོན་ན་གོས་རེད།  །
               ཁམས་པའི་ཕོ་རྒོད་མི་རེད།  །
               བློ་སྦྱོང་ཡག་ན་ལྷ་རེད།  །

               ལས་ལ་བརྩོན་པའི་མི་རྐྱང་།  །
               རྒྱུ་ཟས་མེད་ན་མི་སྐྱོན།  །
               ཆང་ལ་དགའ་བའི་རོགས་ལོ།  །
               རྒྱུ་ནོར་ཕྱུག་ཀྱང་མི་ཕན།  །

               ནམ་མཁའ་སྟོང་པའི་ནང་ནས།  །
               སྦྲང་ཆར་འབབ་པ་མཚར་མོ།  །
               གཞན་ཡུལ་མི་སྡེའི་བུ་མོ།  །
               ཚེ་རོགས་ཡོང་བ་མཚར་མོ།  །

               དཀར་ཆུང་ལུག་གི་བདག་པོ།  །
               ཕ་བཟང་འབྲོག་པའི་བུ་རེད།  །
               རྒྱ་གྲོང་མཛེས་མའི་བདག་པོ།  །
               རྒྱུ་ཡོད་ཕ་ཆེན་བུ་རེད།  

               མཚོ་མོ་ཁྲི་ཤོར་རྒྱལ་མོ།  །
               ཨ་སྔོན་ཐང་ལ་ལྷུང་འདྲ།  །
               ཕ་ཆེན་བོད་རིགས་བུ་མོ།  །
               ལྷ་མོ་མི་ཡུལ་བྱོན་འདྲ།  །

               རྒྱ་མཚོའི་གསེར་ཉ་ཡིན་ན།  །
               གཤོག་འགྱུར་ལན་གསུམ་རྒྱོབ་ཤོག  །
               ཕ་ཆེན་བུ་ཕྲུག་ཡིན་ན།  །
               ཤེས་པ་ལན་གསུམ་སྐྱོང་ཤོག  །

               སྤང་དཀར་གཙང་མའི་སྟེང་ལ།  །
               སྤང་རྒྱན་མེ་ཏོག་སྐྱེས་སོང་།  །
               ན་ཆུང་ཕོ་མོའི་སེམས་ལ།  །
               འགྱུར་མེད་བརྩེ་དུང་ཆགས་སོང་།  །

               དགུན་ལ་ཤར་བའི་ཉི་མ།  །
               ཚ་དྲོད་ཆུང་ཡང་ཐོབ་དཀའ།  །
               སྡུག་དུས་སེམས་བཟང་རོགས་དགའ།  །
               རྒྱུ་ཟས་མེད་ཀྱང་བརྗེད་དཀའ།  །

               དྲིན་ཆེན་རྩ་བའི་བླ་མ།  །
               ཕྱི་མར་འདྲེན་སྟོན་ཨེ་ཡོད།  །
               སྐྱེ་ཆེན་ཕ་བཟང་བུ་མོ།  །
               འཆི་མཐའ་ཕུད་བསམ་ཨེ་ཡོད། །

               ཁ་བ་མར་ལ་བབས་སོང་།  །
               བསམ་པ་ཡར་ལ་འཁོར་སོང་།  །
               ཆུང་འདྲིས་ཕྱུགས་རྫི་བུ་མོར།  །
               འཁྱག་ལྟོགས་ཅི་ཡོད་དྲན་སོང་།  །

               མེ་ཏོག་དཀར་སེར་དམར་ལྗང་།  །
               སྐྱེ་སའི་ས་ཆ་གཅིག་རེད།  །
               སེམས་རྒྱུ་བཟང་འབྲིང་སྡུག་གསུམ།  །
               ཡོང་སའི་ཁྱིམ་ཚང་གཅིག་རེད།  །

               རྟ་རྒན་གོམས་འགྲོས་ཡག་པོ།  །
               ཐག་རིང་བསྐྱོད་མཁན་ཡིན་འདུག  །
               མི་རྒན་གཤིས་རྒྱུད་བཟང་པོ།  །
               ཚེ་འདིའི་མགོན་སྐྱབས་ཆོག་འདུག  །

               མདའ་མོ་སྤང་ལ་ཟུགས་སོང་།  །
               ལོན་སེམས་ཞེ་ལ་མི་འདུག །
               ཕོ་སེམས་མོ་ལ་ཟུགས་སོང་།  །
               འབྲལ་སེམས་ཞེ་ལ་མི་འདུག  །

               བཅོ་ལྔའི་དུང་ཟླ་གསལ་ཡང་།  །
               གྱོན་ཆས་རློན་པ་མི་སྐམ།  །
               བཟའ་ཟླ་མཐུན་པའི་སྐྱེས་མས།  །
               ཁྱོ་འཁྱམ་འདོད་སེམས་མི་སྐོང་།  །

               མེ་མདའ་འཕེན་རྒྱུ་མེད་ན།  །
               མདེའུ་བཞག་ཀྱང་ཅི་ཕན།  །
               མོ་སེམས་ཕོ་ལ་མེད་ན།  །
               ལག་འགོ་བཟུང་ཡང་ཅི་ཕན།  །