དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

རང་རྒྱལ་གྱི་དར་མའི་ཆ་སྙོམས་གཟུགས་པོའི་རིང་ཚད་དང་ལྗིད་ཚད།

སྤེལ་དུས 2020-12-28 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཟླ12པའི་ཚེས23ཉིན། རྒྱལ་ཁབ་གསར་འགྱུར་གཞུང་དོན་ཐིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། 《ཀྲུང་གོའི་སྡོད་དམངས་ཀྱི་འཚོ་བཅུད་དང་དལ་གཤིས་ནད་ཀྱི་གནས་ཚུལ་སྙན་ཞུ(2020)ལོ》ཞེས་པ་སྤེལ་བ་རེད། 
སྙན་ཞུ་ལས་གསལ་བ་ལྟར་ན། ཀྲུང་གོའི་དར་མའི་ཆ་སྙོམས་གཟུགས་པོའི་རིང་ཚད་མུ་མཐུད་འཕར་བཞིན་ཡོད་དེ། ལོ18ནས44བར་གྱི་ཀྲུང་གོའི་སྐྱེས་པའི་ཆ་སྙོམས་གཟུགས་པོའི་རིང་ཚད་ནི་ལི་སྨི169.7ཡིན་ལ། ཀྲུང་གོའི་བུད་མེད་ཀྱི་ཆ་སྙོམས་གཟུགས་པོའི་རིང་ཚད་ནི་ལི་སྨི158.0ཡིན། 2015ལོར་ཡོངས་བསྒྲགས་བྱས་པའི་མཇུག་འབྲས་དང་བསྡུར་ན། སོ་སོ་ལི་སྨི1.2དང་0.8འཕར་ཡོད་པ་རེད།

          གཞི་གྲངས་ལས་གསལ་བ་ལྟར་ན། སྡོད་དམངས་ཀྱི་གཟུགས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་རྒྱགས་པར་གྱུར་པའི་གནད་དོན་མུ་མཐུད་མངོན་གསལ་དོད་པོའི་འགྱུར་བཞིན་ཡོད་ལ། ལོ18དང་དེའི་ཡན་གྱི་སྡོད་དམངས་ཀྱི་སྐྱེས་པ་དང་བུད་མེད་ཀྱི་ཆ་སྙོམས་གཟུགས་པོའི་ལྗིད་ཚད་སོ་སོ་ནི་སྤྱི་རྒྱ69.6དང་སྤྱི་རྒྱ59ཡིན། 2015ལོར་ཡོངས་བསྒྲགས་བྱས་པའི་མཇུག་འབྲས་དང་བསྡུར་ན་སོ་སོ་སྤྱི་རྒྱ3.4དང་སྤྱི་རྒྱ1.7འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་ཡི་རིམ་པ་སོ་སོའི་སྡོད་དམངས་ཀྱི་གཟུགས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་རྒྱགས་པ་ཆགས་པའི་ཚད་གཞི་མུ་མཐུད་འཕར་བཞིན་ཡོད་ལ། ལོ18དང་དེའི་ཡན་གྱི་སྡོད་དམངས་ཀྱི་གཟུགས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་རྒྱགས་པ་ཆགས་པའི་ཚད་སོ་སོ་ནི4.3%དང16.4%རེད།
སྙན་ཞུ་ལས་གསལ་བ་ལྟར་ན། རང་རྒྱལ་གྱི་ལོ18དང་དེའི་ཡན་གྱི་སྡོད་དམངས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཕོག་ཚད་ནི27.5%ཡིན་པ་དང་། གཅིན་པ་མངར་འགྱུར་གྱི་ནད་ཕོག་ཚད་ནི11.9%ཡིན་ལ། མཁྲིས་རྒྱུ་གཤེར་རྩིའི་ཁྲག་ནད་ཕོག་ཚད་ནི8.2%ཡིན་ཞིང་། ལོ40དང་དེའི་ཡན་གྱི་སྡོད་དམངས་ལ་དལ་གཤིས་འགག་པའི་རང་བཞིན་གྱི་གློ་བའི་ན་ཚ་ཕོག་ཚད་ནི13.6%ཡིན། 2015ལོར་ཡོངས་བསྒྲགས་བྱས་པའི་མཇུག་འབྲས་དང་བསྡུར་ན་ཚང་མ་མཐོ་རུ་འཕར་ཡོད། སྡོད་དམངས་ལ་སྐྲན་ནད་ཕོག་ཚད་ནི293.9/ཁྲི10ཡིན་པ་དང་། ད་དུང་མུ་མཐུད་འཕར་བའི་རྣམ་པར་མངོན་ལ། གློ་བའི་སྐྲན་ནད་དང་ནུ་མའི་སྐྲན་ནད་བྱུང་ཚད་ནི་སོ་སོ་སྐྱེས་པ་དང་བུད་མེད་ཀྱི་སྐྲན་ནད་བྱུང་ཚད་ཆེས་མཐོ་ཤོས་སུ་གྱུར་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།