ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་སེམས་ཁམས་བདེ་ཐང་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་འཆར་བཏོན།

སྤེལ་དུས 2021-10-20 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ10པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་འབྲེལ་གྱིས《སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས། སློབ་ཆུང་དང་དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་དུས་མཚམས་མི་འདྲ་བའི་བྱ་བའི་དམིགས་ཚད་ཁ་གསལ་བཟོས་པ་དང་། ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ལས་འགན་དང་ཞིབ་ཕྲའི་སྐུལ་འདེད་བྱེད་ཐབས15བཏོན་ནས། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བདེ་ཐང་སློབ་གསོའི་ཁ་ཕྱོགས་དང་། བྱེད་ཐབས་ཐབས་ལམ་གསལ་སྟོན་བྱས། 
          《མཛུབ་ཁྲིད་བསམ་འཆར》ནང་ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)བཅས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སློབ་གྲྭ་ཆུང་འབྲིང་གི་སེམས་ཁམས་བདེ་ཐང་ལས་དོན་གྱི་མ་ལག་ཕྱོགས་ཡོངས་ནས་འཛུགས་པ་དང་། སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་གི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་རིམ་པ་བཞིན་བཙུགས་ཏེ། འཕྲོད་བསྟེན་བདེ་ཐང་མ་ལག་དང་། མཐོ་སློབ། ལས་རིགས་སློབ་གླིང་དང་སློབ་གླིང་གི་ཆེད་མཁས་པ། སློབ་གྲྭ་ཆུང་འབྲིང་གི་སེམས་ཁམས་བདེ་ཐང་གི་རྐང་འཛིན་དགེ་རྒན་བཅས་ལས་གྲུབ་པའི་ཆེད་ལས་མཛུབ་ཁྲིད་ཨུ་ལྷན་འཛུགས་པ། སློབ་གྲྭ་ཆུང་འབྲིང་སོ་སོ་རུ་གཙོ་གཉེར་སློབ་གཙོས་མགོ་བཟུང་ནས་སྣེ་ཁྲིད་པ་དང་། འཛིན་བདག་དང་ཆེད་ལས་དགེ་རྒན་གྱི་འགན་གཅིག་ལྕོགས་ཀྱིས་སེམས་ཁམས་རོགས་ཁྲིད་དགེ་རྒན་རྐང་འཛིན་དུ་བྱེད་པ། དགེ་རྒན་ཡོངས་མཉམ་དུ་ཞུགས་པའི་སེམས་ཁམས་བདེ་ཐང་སློབ་གསོའི་ལས་དོན་ཚོགས་པ་འཛུགས་པ་བཅས་བྱས་ནས་དམ་འཛིན་བྱེད་མཁན་ཡོད་པ་དང་། འཆར་གཞི་ཡོད་པ།ལྟ་སྐུལ་ཡོད་པ། དཔྱད་ཞིབ་ཡོད་པ་བཅས་བྱེད་དགོས་པར་གསལ་བོར་བསྟན་ཡོད།
          《མཛུབ་ཁྲིད་བསམ་འཆར》ནང་སློབ་གྲྭ་ཆུང་འབྲིང་སོ་སོས་ལོ་རེའི་དཔྱིད་དུས་དང་སྟོན་དུས་སློབ་མགོ་བརྩམས་ནས་གཟའ་འཁོར4ཡི་ནང་། སློབ་མ་ཚང་མར་སེམས་ཁམས་ཀྱི་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། དམིགས་བསལ་གྱི་ཁྱིམ་ཚང་དང་། བྱ་སྤྱོད་དང་སྐད་ཆ། སེམས་ཤུགས་བཅས་རྒྱུན་གཏན་མིན་པའི་སློབ་མའི་སེམས་ཁམས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ཏེ། སེམས་ཁམས་གནད་དོན་ལ་ཉེན་ཁ་ཆེ་བའི་སློབ་མའི་ཆ་འཕྲིན་གྱི་རྩིས་ཐོ་དང“ཚེ་གཅིག་གྱོད་གཅིག”གི་ཡིག་ཚགས་བཟོ་བ་དང་། ལོ་རེའི་ཟླ3པ་དང་ཟླ9པའི་ཟླ་མཇུག་སྔོན་སློབ་གྲྭ་ཆུང་འབྲིང་སོ་སོས་སེམས་ཁམས་ལ་ཉེན་ཁ་ཆེ་བའི་སློབ་མའི་སེམས་ཁམས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་སེམས་ཁམས་ཀྱི་གནད་དོན་དང་ཚོད་སྐོར་བྱེད་དགོས། སེམས་ཁམས་ཀྱི་གནད་དོན་ཚབས་ཆེ་ཆུང་ལ་གཞིགས་ནས་གཙོ་གནད་སློབ་མར་གཙོ་གནད་དོ་ཁུར་དང་རྗེས་སྙེག་བྱ་རྒྱུ་མ་ཟད། སེམས་ཁམས་ཀྱི་ནད་གཞི་ཚབས་ཆེན་ཕོག་པའི་སློབ་མར་དུས་ཐོག་ཏུ་ལྟ་སྐྱོང་དང་འབྲེལ་གཏུག་བྱེད་པ་དང་འབྲེལ། ལྟ་སྐྱོང་པས་ཆེད་ལས་སྒྲིག་གཞིར་ནད་དཔྱད་དང་སྨན་བཅོས་བྱེད་པར་སྤྲོད་པར་གཞོགས་འདེགས་བྱས་ནས། སློབ་མའི་སེམས་ཁམས་ཀྱི་གནད་དོན་སྔ་ཙམ་གྱིས་ཤེས་རྟོགས་དང་། སྔ་ཙམ་གྱིས་ཐེ་གཏོགས། སྔ་ཙམ་གྱིས་སྨན་བཅོས་བཅས་བྱེད་ཐུབ་པར་འགན་ལེན་བྱེད་དགོས་པར་བསྟན།  །
རྩོམ་སྒྲིག་པ། བདེ་སྒྲོན།