ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་ལྗོངས་ཀྱི་བུད་མེད་ཚོར་བརྡ་ཐོ་འདི་འཕྲོད་པ་བྱེད་རོགས།

སྤེལ་དུས 2022-11-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བུད་མེད་ཀྱི་སྐྲན་གཉིས་བཤེར་དང་ལོ་ཚོད་རན་པའི་སློབ་མ་བུ་མོར་HPVཡི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་ཁུངས་ཡོངས་བསྒྲགས་བྱས་པའི་སྐོར་གྱི་བརྡ་ཐོ།
  བུད་མེད་ཀྱི་མངལ་སྐེ་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་སྔ་ཙམ་ནས་ནུས་ལྡན་ངང་སྨན་བཅོས་བྱས་ནས་ནད་ཕོག་ཚད་དང་ཤི་ཚད་ཇེ་དམའ་རུ་བཏང་ནས་བུད་མེད་ཀྱི་བདེ་ཐང་ཆུ་ཚད་ལ་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་ཡུན་ཕན་རང་བཞིན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ཀྱི་འབྲས་སྐྲན་གཉིས་ཕྱོགས་བསྡུས་འགོག་བཅོས་ལས་དོན་བྱེད་པའི་ལག་བསྟར་ཇུས་གཞིའི་》བླང་བྱ་ལྟར།  གྲོང་ཁྱེར་(ས་ཁུལ)སོ་སོས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ད་ལྟ་བོད་ལྗོངས་ཡོངས་ཀྱི་བུད་མེད་ལ་འབྲས་སྐྲན་གཉིས་བཤེར་བྱེད་པའི་སྡེ་ཚན་93དང་ལོ་ཚོད་རན་པའི་སློབ་གྲྭའི་སློབ་མ་བུ་མོ་རྣམས་ལ་HPVཡི་རིམས་འགོག་སྨན་ཁབ་རྒྱག་པའི་སྡེ་ཚན135ཡོངས་བསྒྲགས་བྱས་ཡོད།
  གྲལ་བཤེར་སྡེ་ཚན་དང་སྨན་ཁབ་རྒྱག་པའི་སྡེ་ཚན་གྱིས་འགན་འཁྲིའི་ལས་བགོ་སྔར་བས་ཁ་གསལ་དང་ལས་ཀའི་འགན་འཁྲི་ཞིབ་ཚགས་བཟོས་ནས་དམིགས་ཚད་མི་ཚོགས་ཀྱིས་ཉེ་འགྲམ་ནས་བློ་འདྲིའི་ཞབས་ཞུ་དང་ལེན་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས་པ་དང་།  ས་གནས་ཁག་གིས་དྲིལ་སྒྲོག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཤེས་ཚད་དང་ཐེ་ཞུགས་ཐུབ་ཚད་མང་དུ་བཏང་ནས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དམངས་འཚོའི་བྱ་བ་དག་ཏན་ཏིག་ངང་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས། 

  ཟུར་ཡིག བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ལ་འབྲས་སྐྲན་གཉིས་དང་ལོ་ཚོད་རན་པའི་སློབ་མ་བུ་མོར་HPVཡི་རིམས་འགོག་སྨན་ཁབ་རྒྱག་པའི་སྡེ་ཚན་གྱི་མིང་ཐོ། 
  གྲོང་ཁྱེར་(ས་ཁུལ)ཁག་གི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་བོད་ལྗོངས་ཡོངས་ཀྱི་བུད་མེད་ལ་འབྲས་སྐྲན་ནད་གཉིས་བཤེར་བྱེད་པའི་སྡེ་ཚན་93དང་། ལོ་ཚོད་རན་པའི་སློབ་མ་བུ་མོར་HPVཡི་རིམས་འགོག་སྨན་ཁབ་རྒྱག་པའི་སྡེ་ཚན་135ཡོད། ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར། 
  ལྷ་ས་གྲོང་ཁྱེར།(གྲལ་བཤེར་སྡེ་ཚན་23དང་སྨན་ཁབ་རྒྱག་པའི་སྡེ་ཚན་65ཡོད།) 
  གྲལ་བཤེར་སྡེ་ཚན། ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་། འདམ་གཞུང་རྫོང་མི་དམངས་སྨན་ཁང་། སྙེ་མོ་རྫོང་མི་དམངས་སྨན་ཁང་། ཆུ་ཤུར་རྫོང་མི་དམངས་སྨན་ཁང་། སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་། སྟག་རྩེ་ཆུས་མི་དམངས་སྨན་ཁང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་།  ཁྲེང་ཀོན་ཆུས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་4། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་12བཅས་ཡོད། 
  སྨན་ཁབ་རྒྱག་པའི་སྡེ་ཚན།  ལྷུན་གྲུབ་རྫོང་གི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་10དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ་(ཁྲོམ་གཞུང)གྱི་འཕྲོད་བསྟེན་ཁང་6།  འདམ་གཞུང་རྫོང་མི་དམངས་སྨན་ཁང་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་8། མལ་གྲོ་གུང་དཀར་རྫོང་གི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་8། སྙེ་མོ་རྫོང་གི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་8། སྟག་རྩེ་ཆུས་མི་དམངས་སྨན་ཁང་དང་ ཤང་གི་འཕྲོད་བསྟེན་ཁང་8།  ཁྲེང་ཀོན་ཆུས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བཞི། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་12།  ཆུ་ཤུར་རྫོང་མི་དམངས་སྨན་ཁང་དང་ཚལ་སྣ་ཤང་འཕྲོད་བསྟེན་ཁང་བཅས་ཡོད། 
  ཉིང་ཁྲི་གྲོང་ཁྱེར།(གྲལ་བཤེར་དང་སྨན་ཁབ་རྒྱག་པའི་སྡེ་ཚན་རེ་7ཡོད) 
  ཉིང་ཁྲི་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་། བྲག་ཡིབ་ཆུས་མི་དམངས་སྨན་ཁང་། མེ་ཏོག་རྫོང་མི་དམངས་སྨན་ཁང་། སྤོ་བོ་རྫོང་མི་དམངས་སྨན་ཁང་། རྫ་ཡུལ་རྫོང་མི་དམངས་སྨན་ཁང་། སྨན་གླིང་རྫོང་མི་དམངས་སྨན་ཁང་། སྣང་རྫོང་མི་དམངས་སྨན་ཁང་བཅས་རེད། 
  ལྷོ་ཁ་གྲོང་ཁྱེར།(གྲལ་བཤེར་དང་སྨན་ཁབ་རྒྱག་པའི་ཚན་13རེ་ཡོད) 
  ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་།  སྣེ་གདོང་ཆུས་མི་དམངས་སྨན་ཁང་། འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་། གྲ་ནང་རྫོང་མི་དམངས་སྨན་ཁང་། གོང་དཀར་རྫོང་མི་དམངས་སྨན་ཁང་། ཆུ་གསུམ་རྫོང་མི་དམངས་སྨན་ཁང་། ཟངས་རི་རྫོང་མི་དམངས་སྨན་ཁང་། མཚོ་སྨད་རྫོང་མི་དམངས་སྨན་ཁང་། ལྷོ་བྲག་རྫོང   ་མི་དམངས་སྨན་ཁང་། ལྷུན་རྩེ་རྫོང་མི་དམངས་སྨན་ཁང་། མཚོ་སྣ་རྫོང་མི་དམངས་སྨན་ཁང་། སྣ་དཀར་རྩེ་རྫོང་མི་དམངས་སྨན་ཁང་། རྒྱ་ཚྭ་རྫོང་མི་དམངས་སྨན་ཁང་བཅས་རེད། 
  ཆབ་མདོ་གྲོང་ཁྱེར།(གྲལ་བཤེར་དང་སྨན་ཁབ་རྒྱག་པའི་སྡེ་ཚན་12རེ་ཡོད) 
  ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་།  ཁ་རུབ་ཆུས་མི་དམངས་སྨན་ཁང་། གོ་འཇོ་རྫོང་མི་དམངས་སྨན་ཁང་། འཇོ་མདའ་རྫོང་མི་དམངས་སྨན་ཁང་། སྨར་ཁམས་རྫོང་མི་དམངས་སྨན་ཁང་། དཔལ་འབར་རྫོང་མི་དམངས་སྨན་ཁང་། མཛོ་སྒང་རྫོང་མི་དམངས་སྨན་ཁང་།  ལྷོ་རོང་རྫོང་མི་དམངས་སྨན་ཁང་། སྟོང་ཆེན་རྫོང་མི་དམངས་སྨན་ཁང་། བྲག་གཡབ་རྫོང་མི་དམངས་སྨན་ཁང་། རི་བོ་ཆེ་རྫོང་མི་དམངས་སྨན་ཁང་།  དཔའ་ཤོད་རྫོང་མི་དམངས་སྨན་ཁང་བཅས་རེད། 
  གཞིས་རྩེ་གྲོང་ཁྱེར།(གྲལ་བཤེར་དང་སྨན་ཁབ་རྒྱག་པའི་སྡེ་ཚན་19རེ་ཡོད) 
  གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་།   བསམ་གྲུབ་རྩེ་ཆུས་མི་དམངས་སྨན་ཁང་། རྣམ་གླིང་རྫོང་མི་དམངས་སྨན་ཁང་། རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་། དིང་རི་རྫོང་མི་དམངས་སྨན་ཁང་། ས་སྐྱ་རྫོང་མི་དམངས་སྨན་ཁང་། ལྷ་རྩེ་རྫོང་མི་དམངས་སྨན་ཁང་། ངམ་རིང་རྫོང་མི་དམངས་སྨན་ཁང་། བཞད་མཐོང་སྨོན་རྫོང་མི་དམངས་སྨན་ཁང་། པ་སྣམ་རྫོང་མི་དམངས་སྨན་ཁང་། རིན་སྤུངས་རྫོང་མི་དམངས་སྨན་ཁང་། ཁང་དམར་རྫོང་མི་དམངས་སྨན་ཁང་། གཏིང་སྐྱེས་རྫོང་མི་དམངས་སྨན་ཁང་། འབྲོང་པ་རྫོང་མི་དམངས་སྨན་ཁང་། གྲོ་མོ་རྫོང་མི་དམངས་སྨན་ཁང་། སྐྱིད་རོང་རྫོང་མི་དམངས་སྨན་ཁང་། གཉའ་ལམ་རྫོང་མི་དམངས་སྨན་ཁང་། ས་དགའ་རྫོང་མི་དམངས་སྨན་ཁང་། གམ་པ་རྫོང་མི་དམངས་སྨན་ཁང་བཅས་རེད། 
  ནག་ཆུ་གྲོང་ཁྱེར།(གྲལ་བཤེར་དང་སྨན་ཁབ་རྒྱག་པའི་སྡེ་ཚན་12རེ་ཡོད) 
  ནག་ཆུ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་།  གསེར་རྙེས་ཆུས་མི་དམངས་སྨན་ཁང་། སོག་རྫོང་མི་དམངས་སྨན་ཁང་། སྦྲ་ཆེན་རྫོང་མི་དམངས་སྨན་ཁང་། འབྲི་རུ་རྫོང་མི་དམངས་སྨན་ཁང་། ལྷ་རི་རྫོང་མི་དམངས་སྨན་ཁང་། དཔལ་མགོན་རྫོང་མི་དམངས་སྨན་ཁང་། ཨ་མདོ་རྫོང་མི་དམངས་སྨན་ཁང་། ཤན་རྩ་རྫོང་མི་དམངས་སྨན་ཁང་། གཉན་རོང་རྫོང་མི་དམངས་སྨན་ཁང་། ཉི་མ་རྫོང་མི་དམངས་སྨན་ཁང་། མཚེའུ་གཉིས་རྫོང་མི་དམངས་སྨན་ཁང་བཅས་རེད། 
  མངའ་རིས་ས་ཁུལ། (གྲལ་བཤེར་དང་སྨན་ཁབ་རྒྱག་པའི་སྡེ་ཚན་7རེ་ཡོད། )
  སྒར་རྫོང་མི་དམངས་སྨན་ཁང་དང་དགེ་རྒྱས་རྫོང་མི་དམངས་སྨན་ཁང་། སྒེར་རྩེ་རྫོང་མི་དམངས་སྨན་ཁང་། མཚོ་ཆེན་རྫོང་མི་དམངས་སྨན་ཁང་། རུ་ཐོག་རྫོང་མི་དམངས་སྨན་ཁང་། སྤུ་ཧྲེང་རྫོང་མི་དམངས་སྨན་ཁང་། རྩ་མདའ་རྫོང་མི་དམངས་སྨན་ཁང་བཅས་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།