ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་ལྗོངས་ལ་ཆམ་རིམས་འགོག་སྨན་རིན་མེད་ངང་རྒྱག་འགོ་ཚུགས་འདུག

སྤེལ་དུས 2022-11-14 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པ་ནི། ཆམ་རིམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཆེས་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་པས། སྨན་ཁབ་རྒྱག་ཡུལ་ལ་ཆམ་རིམས་སམ་ཆམ་རིམས་དང་འབྲེལ་བ་ཡོད་པའི་ནད་ཕོག་པའི་ཉེན་ཁ་མངོན་གསལ་དོད་པོས་ཆུང་དུ་གཏོང་ཐུབ་པ་དང་དུས་མཚུངས། ཆམ་རིམས་དང་ཏོག་གསར་གློ་ཚད་མཉམ་དུ་ཁྱབ་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ། ཆམ་རིམས་སྔོན་འགོག་ནུས་ལྡན་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་། ཆམ་རིམས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འགལ་རྐྱེན་བཟོ་ཤུགས་ཆུང་དུ་གཏོང་གང་ཐུབ་བཅས་བྱ་ཆེད། 2022ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལོ་60ཡན་གྱི་རྒན་རྒོན་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སྨན་རིན་མི་དགོས་པར་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པ་དམངས་འཚོའི་འདུ་འགོད“ཆེན་པོ་བཅུ”ཡི་ནང་དུ་འཇུག་རྒྱུ་ཡིན་པ་རེད།
  ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།
  གཅིག སྨན་རིན་མི་དགོས་པའི་སྨན་ཁབ་རྒྱག་ཡུལ། 
  1.ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་ལོ་60ཡན(1962ལོའི་ཟླ་12ཚེས་31གོང་སྐྱེས་པ)གྱི་རྒན་རྒོན།
  2.སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མ(སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་དཀྱུས་མ། ལས་རིགས་མཐོ་རིམ་སློབ་འབྲིང་། དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་ཀྱི་སློབ་མ་ཚུད་པ) 
  གཉིས། སྨན་རིན་མི་དགོས་པར་སྨན་ཁབ་རྒྱག་པའི་རིམས་འགོག་སྨན་རིགས། 
  ཆམ་རིམས་རིགས་བཞི་འགོག་སྨན།
  གསུམ། སྨན་ཁབ་རྒྱག་ཐེངས་དང་བར་ཆོད་དུས་ཡུན། 
  རིམས་འགོག་སྨན་ཁབ་ཀྱི་གསལ་བཤད་ཡི་གེ་ལྟར་ན། ལོ་གསུམ་དང་དེ་ཡན་གྱི་མི་ཚོགས་ལ་ཁབ་ཐེངས་གཅིག་རྒྱག་དགོས་པ་དང་། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་དང་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་དབར་བར་ཐག་ཉིན་14ཡན་འཇོག་དགོས། 
རྩོམ་སྒྲིག་པ། བདེ་སྒྲོན།