དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

“ལྷག་པ་བཀྲ་ཤིས་ལགས་ཀྱིས་སྨན་བཅོས་གནང་ན། ང་ཚོ་བློ་བདེ་པོ་འདུག”

སྤེལ་དུས 2020-11-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ8ཚེས19ཉིན2020ལོའི“ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན”གྱི་རྟེན་འབྲེལ་ཚོགས་ཆེན་དང་སྐབས་བཅུ་གཉིས་པའི“ཀྲུང་གོའི་སྨན་པ་དཀའ་བཅུ་པའི་བྱ་དགའ”སྤྲོད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་མཁར་སྒང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ལྷག་པ་བཀྲ་ཤིས་སྐབས་འདིའི“ཀྲུང་གོའི་སྨན་པ་དཀའ་བཅུ་པའི་བྱ་དགའ”འཐོབ་མཁན་བོད་ལྗོངས་ཀྱི་སྨན་པ་གཅིག་པུ་དེ་རེད།
          1997ལོར་ལོ20ལ་སླེབས་པའི་ལྷག་པ་བཀྲ་ཤིས་ལས་ཀར་ཞུགས་ཤིང་། ཁོང་གིས་འཕྲོད་བསྟེན་ཁང་གི་རྒན་རབས་ཚོའི་རྗེས་སུ་འབྲངས་ནས་མང་ཚོགས་ལ་སྨན་བཅོས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
          ནད་པ་སྐྱོབ་བཅོས་སྔར་བས་ཡག་པོ་ཡོང་ཆེད། ལྷག་པ་བཀྲ་ཤིས་ཀྱིས་ལས་སྒོ་སློབ་སྦྱོང་བྱེད་མཚམས་འཇོག་མྱོང་མེད་ཅིང་། ཁོ་པས་གསོ་རིག་གི་དཔེ་དེབ་སྣ་ཚོགས་ཉོས་པ་དང་འབྲེལ་སློབ་སྦྱོང་བྱས་པ་དག་ཉིན་ལྟར་ཟིན་ཐོར་འགོད་ཀྱང་བྱེད་པ་དང་། མིག་སྔའི་བར་ཟིན་བྲིས་དེབ་30ལྷག་ཙམ་ཡོད།
          ལོ་ཞིག་གི་ཟླ་བ་དྲུག་པར་འབྲོག་མོ་ཞིག་གློ་བུར་དུ་དྲན་པ་ཐོར་ནས་ས་རུ་འགྱེལ། ཁོ་མོའི་བུས་ཆར་པར་མ་འཛེམས་པར་སྦག་སྦག་བཏང་ནས་རི་གཤམ་དུ་སྨན་པ་གདན་འདྲེན་པར་བསྐྱོད། སྐབས་དེར་རི་ལམ་འདམ་རྫབ་ཆེ་བའི་དབང་གིས་ཁོ་པ་ཡང་འདྲེད་བརྡར་ཤོར་ནས་རྨས་སྐྱོན་ཕོག རི་གསེབ་ཏུ་ཁ་པར་གྱི་བརྡ་རྟགས་ཡག་པོ་མེད་སྟབས་འབྲོག་པ་ཞིག་གིས་མི་གཞན་ལ་ངག་ཐོག་ནས་ལྷག་པ་བཀྲ་ཤིས་ལ་སྨན་བཅོས་གནང་བར་ཕེབས་རྒྱུའི་ལན་བསྐུར་དགོས་བྱུང་།
          ལྷག་པ་བཀྲ་ཤིས་ཀྱིས་ལན་འབྱོར་མ་ཐག དེ་མ་ཉིད་དུ་སྨན་སྒམ་འཁུར་བ་དང་ཆབས་ཅིག སྦག་སྦག་བཏང་ནས་ནད་པའི་ཁྱིམ་གྱི་ཕྱོགས་སུ་བསྐྱོད། ལམ་བར་དུ་འབྲོག་རར་སྐྱོད་སའི་ལམ་འགགས་པར་བརྟེན་ལྷག་པ་བཀྲ་ཤིས་རྐང་ཐང་མར་སྐྱོད་རྒྱུ་ལས་མ་འདས། རྐང་ཐང་མར་ཆུ་ཚོད་ལྔ་ཙམ་བསྐྱོད་རྗེས་གཞི་ནས་ནད་པའི་ཁྱིམ་དུ་འབྱོར་ཙམ་བྱུང་།
རྩོམ་སྒྲིག་པ། བདེ་སྒྲོལ།