དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཏོག་གསར་རིམས་འགོག་སྨན་ཁབ་སྐོར་གྱི་དྲི་བ་གསར་ཤོས་འདི་ན་ཡོད།

སྤེལ་དུས 2021-03-23 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
 སྤུས་རྟགས་མི་འདྲ་བའི་རིམས་འགོག་སྨན་ཁབ་གཉིས་ཡན་རྒྱག་ཆོག་གམ། མི་གང་དག་ལ་རིམས་འགོག་སྨན་ཁབ་བརྒྱབ་ན་མི་འཚམ་མམ། རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཁ་རས་རྒྱག་དགོས་སམ།
          “ཟླ་3ཚེས་20ཉིན་གྱི་ཆུ་ཚོད་24བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་རིམས་འགོག་སྨན་ཁབ་ཁྲི་7495.6བརྒྱབ་ཡོད” ཚེས་21ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲཌ་ཚོགས་འདུའི་ཐོག རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་བཟང་པོ་སྤྱིའི་ཆ་ནས་རྒྱུན་འཁྱོངས་བྱུང་ནའང་། སྔར་བཞིན་སྔོན་འགོག་དང་ཚོད་འཛིན་གནད་སྨིན་དང་ནུས་ལྡན་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་ནད་ལོག་མི་རྒྱག་པའི་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།
          རྒན་རྒོན་དང་སྦྲུམ་མར་རིམས་འགོག་སྨན་ཁབ་བརྒྱབ་ན་འཚམ་མམ། རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཁ་རས་རྒྱག་དགོས་སམ། ཚེས་21ཉིན་སྡེ་ཚན་མང་པོས་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་འབྲེལ་བ་ཡོད་པའི་གནད་དོན་ལ་ལན་བརྒྱབ་པ་སྟེ།
          སྤུས་རྟགས་མི་འདྲ་བའི་རིམས་འགོག་སྨན་ཁབ་གཉིས་ཡན་རྒྱག་ཆོག་གམ།
          རྒྱལ་ཁབ་འཕྲོད་བསྟེན་བདེ་འཇཌ་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་རིམ་པ་དང་པོའི་སྐོར་གཟིཌ་པ་ཧོ་ཆིང་ཧྭ་ཡིས། ཁེ་ལས་མི་འདྲ་བས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་གཉིས་ཡན་རྒྱག་ཆོག་མིན་དང་ཡང་ན་ཚབ་ཏུ་རྒྱག་ཆོག་མིན་ཐད་ད་དུང་ཞིབ་འཇུག་སྔར་བས་མང་བ་བྱེད་དགོས་ལ། ཞིབ་འཇུག་གི་འབྲས་བུ་ཐོན་རྗེས་དེར་གཞིགས་ནས་སྲིད་ཇུས་ཀྱི་བྱེད་ཐབས་གསལ་པོ་འདོན་དགོས་ཞེས་བརྗོད།
          ཁོང་གིས། མིག་སྔར་རྒྱལ་ནང་དུ་ཆ་རྐྱེན་ཟུར་དུ་བསྣན་ནས་ཁྲོམ་རར་བཏོན་པའི་རིམས་འགོག་སྨན་ཁབ་4ཚང་མར་སྲིད་གཞུང་གི་དོ་དམ་སྡེ་ཚན་གཙོ་བོས་ཞིབ་བཤེར་དང་ཆོག་མཆན་བཀོད་པས་བདེ་འཇགས་དང་ནུས་ལྡན་ཡིན། སྤྱི་དམངས་ཀྱིས་རང་གནས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་རིམས་འགོག་སྨན་ཁབ་གང་མགྱོགས་རྒྱག་དགོས་ཞེས་བརྗོད།
          ལོ་60ཡན་གྱི་རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
          “ས་ཁུལ་ཁག་གཅིག་གིས་ཚོད་སྐོར་ཐེངས་མང་བྱས་རྗེས་ལོ་60ཡན་གྱི་གཟུགས་པོ་ཅུང་ཐང་བའི་རྒན་རྒོན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་གི་ཡོད” ཧོ་ཆིང་ཧྭ་ཡིས། མིག་སྔར་རིམས་འགོག་སྨན་ཁབ་ཞིབ་སྤེལ་ཚན་པས་མགྱོགས་མྱུར་ཞིབ་སྤེལ་བྱེད་བཞིན་ཡོད་ལ། ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟར་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་གྱི་གྲངས་གཞི་འདང་ངེས་སུ་སླེབས་རྗེས། ལོ་60ཡན་གྱི་རྒན་རྒོན་ལ་གཞི་ཁྱོན་ཆེན་པོས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་རེད་ཅེས་བརྗོད།
          མི་གང་དག་ལ་རིམས་འགོག་སྨན་ཁབ་བརྒྱབ་ན་མི་འཚམ་མམ།
          ཧོ་ཆིང་ཧྭ་ཡིས། མིག་སྔར་ཆ་རྐྱེན་ཟུར་དུ་བསྣན་ནས་ཁྲོམ་རར་བཏོན་པའི་རིམས་འགོག་སྨན་ཁབ་4ཡི་གསལ་བཤད་ཡི་གེའི་ནང་རིམས་འགོག་སྨན་ཁབ་རྒྱག་པའི་སྤང་བྱ་ཁ་གསལ་འཁོད་པ་སྟེ། རིམས་འགོག་སྨན་ཁབ་ཀྱི་གྲུབ་ཆར་མི་འཕྲོད་མཁན་དང་། ཁྲག་རྩ་དང་དབང་རྩའི་རང་བཞིན་གྱི་ཆུ་བསགས་མཁན། དབུགས་འཚང་གི་ནད་ཡོད་མཁན། བརྒྱལ་གཟེར་དང་དབང་རྩའི་ནད་གཞན་དག་ཡོད་མཁན། ཀེ་ལིན་པ་ལིའི་ཕྱོགས་བསྡུས་ནད་ཡོད་མཁན་བཅས་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་མི་རུང་བ་འཁོད་ཡོད།
          ཁོང་གིས་ད་དུང་མངལ་འཁོར་བའི་དུས་དང་ཕྲུ་གུར་འོ་མ་སྟེར་བའི་དུས་ཀྱི་བུད་མེད་ལ་ཡང་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ན་མི་འཚམ་པའི་དྲན་སྐུལ་བྱས།
          ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་འགོག་འཆར་འགོད་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཝང་ཧྭ་ཆིང་གིས། རིམས་འགོག་སྨན་ཁབ་བརྒྱབ་རྗེས་རང་ཉིད་ལ་མངལ་འཁོར་བ་ཤེས་ཚེ། མིག་སྔར་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་དམིགས་བསལ་རང་བཞིན་དང་དེ་སྔོན་རིམས་འགོག་སྨན་ཁབ་བརྒྱབ་པའི་ཉམས་མྱོང་ལས་བལྟས་ན། མངལ་གཏོར་བ་སོགས་དམིགས་བསལ་གྱི་གསོ་རིག་བྱེད་ཐབས་མ་སྤྱད་ན་བཟང་ཞེས་བརྗོད་པ་མ་ཟད། མི་དེ་དག་གིས་མངལ་འཁོར་དུས་སྨན་པར་ཡང་ཡང་འདྲི་བའམ་ཡང་ན་དུས་ཐོག་ཏུ་བརྟག་དཔྱད་བྱེད་དགོས་ཞེས་བརྗོད།
          རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཁ་རས་རྒྱག་དགོས་སམ།
          ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥེང་ཙེ་ཅན་གྱིས། མིག་སྔར་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་མུ་མཐུད་མཆེད་བཞིན་ཡོད་ལ། རྒྱལ་ནང་དུ་རིམས་འགོག་སྨན་ཁབ་རྒྱག་ཚད་ཅུང་དམའ་བས། ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣའམ་ཡང་ན་དངོས་ཟོག་རྒྱལ་མཚམས་ནས་འཛུལ་དུས་ས་ཁོངས་ནང་དུ་རིམས་ནད་མཆེད་པའི་ཉེན་ཁ་སྔར་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
          ཁོང་གིས། རང་རྒྱལ་གྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་ཚད་དེ་ནད་འགོག་ནུས་པ་ཅུང་མཐོ་བའི་མཚམས་སུ་མ་སླེབས་གོང་། རིམས་འགོག་སྨན་ཁབ་བརྒྱབ་ཡོད་མེད་གང་ཡིན་རུང་། མི་ཚོགས་འདུ་འཛི་ཆེ་ཁུལ་གྱི་ཁང་པའམ་ཡང་ན་ས་ཆར་སྤྱི་དམངས་ཀྱིས་སྔར་བཞིན་ཁ་རས་མུ་མཐུད་བརྒྱབ་ནས་མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས་ལ། ས་གནས་ཁག་གི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཀྱི་བླང་བྱར་བརྩི་སྲུང་ཞུ་དགོས་པའི་དྲན་སྐུལ་བྱས་ཡོད།
          རིམས་འགོག་སྨན་ཁབ་བརྒྱབ་རྗེས་མི་འཕྲོད་པའི་ནད་རྟགས་གང་ཡོད་དམ།
          “མིག་སྔར་ལྟ་ཞིབ་ཚད་ལེན་ཐུབ་པའི་མི་འཕྲོད་པའི་ནད་རྟགས་ནང་གཙོ་བོ་ཆ་ཤས་དང་ལུས་པོ་ཡོངས་རིགས་གཉིས་ཡོད” ཝང་ཧྭ་ཆིང་གིས། ཆ་ཤས་ཀྱི་མ་འཕྲོད་པའི་ནད་རྟགས་ལ་ན་ཟུག་གཏོང་བ་དང་། སྐྲངས་ནས་དམར་པོ་ཆགས་པ། མཁྲེགས་འགྱུར་བཅས་ཡོད། འོན་ཀྱང་དེ་དག་དམིགས་སུ་སྨན་བཅོས་བྱེད་མི་དགོས་པར་རང་བཞིན་གྱིས་དྲག་འགྲོ། ལུས་པོ་ཡོངས་ཀྱི་མི་འཕྲོད་པའི་ནད་རྟགས་ལ་མགོ་ན་བ་དང་། ཤུགས་ཉམས་པ། ཚ་བ་ཏོག་ཙམ་རྒྱས་པ་བཅས་ཡོད་ཅེས་ངོ་སྤྲོད་བྱས།
          ཁོང་གིས། མིག་སྔར་ཐོན་པའི་སྨན་མི་འཕྲོད་པའི་སྙན་ཞུ་ནི་དོགས་གཞི་ཙམ་ཡིན་ཏེ། དེ་དག་རིམས་འགོག་སྨན་ཁབ་དང་འབྲེལ་བ་ཡོད་པའི་དོགས་པའི་ཁོངས་སུ་གཏོགས། རྗེས་མར་ཅུང་ཚབས་ཆེ་བའི་མི་འཕྲོད་པའི་ནད་རྟགས་ཐད་མུ་མཐུད་བརྟག་དཔྱད་བྱས་ཏེ་ཁ་གསབ་བརྟག་དཔྱད་དང་། རིམས་འགོག་སྨན་ཁབ་བརྒྱབ་ཚུལ་དང་དེ་བཞིན་ན་ཚའི་གནས་ཚུལ་སོགས་ལ་ཤེས་རྟོགས་བྱས་རྗེས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ནད་གཞིར་བརྟག་དཔྱད་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ཡོད།
          “ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ཞིབ་འཇུག་བྱས་འབྲས་དང་ཡང་ན་ཛ་དྲག་ངང་སྤྱད་པའི་ཞིབ་འཇུག་བྱས་འབྲས་དང་ཁྲོམ་རར་བཏོན་རྗེས་ཀྱི་ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་གང་ནས་བལྟས་ཀྱང་། ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་མི་འཕྲོད་པའི་གནས་ཚུལ་ཐོན་པ་དེ་སྔོན་ཆད་སྤྱད་པའི་ཁྲོམ་རར་བཏོན་པའི་རིམས་འགོག་སྨན་ཁབ་ཀྱི་རིགས་མཚུངས་ཀྱི་སྣ་ཁ་དང་བསྡུར་ན། འབྲས་བུ་འདྲ་བ་དང་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་མེད”ཅེས་ཝང་ཧྭ་ཆིང་གིས་བརྗོད།
          རིམས་འགོག་སྨན་ཁབ་བརྒྱབ་རྗེས་ད་དུང་ན་ཚ་འགོ་སྲིད་དམ།
          “སྤྱིའི་ཆ་ནས་བཤད་ན། རིམས་འགོག་སྨན་ཁབ་ཀྱི་ནུས་པ་ནི་མི་ཕལ་ཆེ་བར་སྲུང་སྐྱོང་གི་ནུས་པ་ཐོན་ནས་རིམས་འགོག་སྲུང་ཡོལ་ཆགས་པ་དང་། དེའི་ན་ཚ་ལྕི་མོ་འགོག་པའི་ཕན་འབྲས་མངོན་གསལ་ཡིན” རྒྱལ་ཕྱིར་མིག་སྔར་སྤྱད་ཟིན་པའི་རིམས་འགོག་སྨན་ཁབ་ཁྲོམ་རར་བཏོན་པའི་དཔྱད་དཔོག་འབྲས་བུར་གཞིགས་ན། རིམས་འགོག་སྨན་ཁབ་བརྒྱབ་རྗེས་མི་ཉུང་ཤས་ཤིག་ལ་དངོས་འབྲེལ་སྲུང་སྐྱོང་གི་གོ་ཆོད་མེད་པས། གོ་མ་ཆོད་པའི་དཔེ་མཚོན་རེ་ཟུང་ལ་ཞིབ་འཇུག་དང་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་ཝང་ཧྭ་ཆིང་གིས་བཤད།
          རིམས་འགོག་སྨན་ཁབ་བཟོ་བའི་འགན་སྲུང་གི་གནས་ཚུལ་ཅི་འདྲ་ཡིན་ནམ།
          བཟོ་འཕྲིན་པུའུ་འཛད་སྤྱོད་དངོས་རྫས་བཟོ་ལས་སིའི་སི་ཀྲང་གཞོན་པ་མའོ་ཅུན་ཧྥེང་གིས། མིག་སྔར་རིམས་འགོག་སྨན་ཁབ་5ལ་ཆ་རྐྱེན་ཟུར་བསྣན་གྱིས་ཁྲོམ་རར་འདོན་པའི་ཆོག་མཆན་རག་པའམ་ཡང་ན་ཛ་དྲག་ངང་བེད་སྤྱོད་ཆོག་པའི་ཆོག་མཆན་ཐོབ་པའི་ནང་། རྩ་འཇོམས་རིམས་འགོག་སྨན་ཁབ་3དང་གཤེར་རྨེན་ནད་དུག་གི་གཞི་རྟེན་རིམས་འགོག་སྨན་ཁབ་1 ད་དུང་བསྐྱར་སྒྲིག་སྤྲི་དཀར་རིམས་འགོག་སྨན་ཁབ་1བཅས་ཚུད་ཡོད་ཅེས་ངོ་སྤྲོད་བྱས།
          ཁོང་གིས། ད་ཡོད་ཀྱི་ཐོན་སྐྱེད་བཀོད་སྒྲིག་གཞིར་བཟུང་ནས་བལྟས་ན། ལོ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་ཐོན་འབོར་གྱིས་རྒྱལ་ཡོངས་མི་དམངས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཅེས་བརྗོད། 
རྩོམ་སྒྲིག་པ། བདེ་སྒྲོལ།