དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

མཚོ་སྔོན་ནང་ཆེན་དུ་གཞི་རིམ་གྱི་བོད་ལུགས་གསོ་རིག་གི་ཞབས་ཞུའི་དྲ་བ་བསྐྲུན་པ།

སྤེལ་དུས 2021-02-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ནི་ནང་ཆེན་རྫོང་གི་ལེགས་ཆའི་ཐོན་ལས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་གིས་རྫོང་སྨན་རྩིས་ཁང་གིས་སྣེ་འདྲེན་དང་འདེགས་སྐྱོར་བྱེད་པ་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་སྡེ་ཁག་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་སྨན་བཅོས་སྡེ་ཁག་བྱེད་པོར་བྱེད་པ། སྤྱི་ཚོགས་ཀྱི་མ་དངུལ་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་འཛུགས་རྒྱུ་གཞོགས་འདེགས་སུ་བྱེད་པ་བཅས་ཀྱི་གཞི་རིམ་གྱི་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད།
          མིག་སྔའི་བར། ནང་ཆེན་རྫོང་དུ་རྫོང་རིམ་པའི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཚན་པ་1(ཀ་པ་རིམ་པ་གཉིས་པ)དང་། བོད་ཀྱི་གསོ་བ་རིག་པའི་དམངས་གཉེར་སྨན་ཁང་2 བོད་ཀྱི་གསོ་བ་རིག་པའི་སྒོ་བསྟེན་སྨན་ཁང་16 ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བོད་ཀྱི་གསོ་བ་རིག་པའི་སྡེ་ཁག་10 གྲོང་ཚོའི་འཕྲོད་བསྟེན་ཁང་གི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་སྡེ་ཁག69བཅས་ཡོད་པ་དང་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞིས་ལོ་ལྟར་མི་ཐེངས་44536ལ་སྨན་བཅོས་བྱེད་ཀྱི་ཡོད།
          “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ནོར་སྲིད་ཀྱི་རྒྱབ་སྐྱོར་དང་། སྨན་བཅོས་སྒྱུར་བཅོས། ཁ་གཏད་རོགས་སྐྱོར་སོགས་ཀྱི་རྣམ་པའི་ཐོག་ནས་མ་དངུལ་བསྡོམས་སྒོར་ཁྲི་3455བཏང་ནས་རྫོང་སྨན་རྩིས་ཁང་གི་ཚན་རྩལ་ཐོག་ཁང་འཛུགས་སྐྲུན་བྱས་པ་དང་། རྫོང་གི་བོད་སྨན་སྦྱོར་རྟ་ལྟེ་གནས་རྒྱ་བསྐྱེད་བཏང་བ། སྨན་རྒྱུ་འདེབས་འཛུགས་བྱས་ཡོད། ས་གནས་དེ་གའི་སྨན་པ་གྲགས་ཅན་གྱི་གསང་བའི་སྦྱོར་རྟ་དང་རྒྱུན་ཆད་པའི་གསང་བའི་སྦྱོར་རྟ་སྣ་ཚོགས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ། གྲགས་ཅན་གྱི་རིགས་གཅིག་མཁས་ཅན་རྒན་གྲས་དང་དམངས་ཁྲོད་ཀྱི་བོད་ཀྱི་གསོ་བ་རིག་པའི་སྨན་པ་རྒན་གྲས་ཀྱིས་དགེ་ཕྲུག་ཉར་བའི་རྣམ་པའི་ཐོག་ནས། གྲོང་གསེབ་ཀྱི་སྨན་པ་ཕྱི་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གཉིས་ཀ་ཤེས་པའི་ཤེས་ལྡན་མི་སྣར་གསོ་སྦྱོང་བྱས་པ་བརྒྱུད། བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།