དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ལྗོངས་ཀྱི་ནད་ཆེན་རིགས38ལ་ཆེད་དོན་སྐྱོབ་བཅོས་ཐུབ་པ།

སྤེལ་དུས 2021-02-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          རོང་འབྲོག་ཁུལ་གྱི་མང་ཚོགས་དབུལ་བོའི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ད་ལོ་ནས་བཟུང་ལྒང་བུའི་འབྲས་སྐྲན་དང་། བསམ་བསེའུ་འབྲས་སྐྲན། མཁལ་མའི་འབྲས་སྐྲན། སྨྱོ་ནད་ཚབས་ཆེན། གྲུམ་བུའི་རང་བཞིན་གྱི་སྙིང་ནད་བཅས་ནད་གཞི་ཚབས་ཆེན་ཁག་གཅིག་བསྡུས་སྐྱོབ་བཅོས་ནད་རིགས་ཀྱི་ཁྱབ་ཁོངས་སུ་བཅུག  སྐྱོབ་བཅོས་ནད་རིགས་ཀྱི་བསྡོམས་གྲངས་རྒྱལ་ཁབ་ཀྱི་ཚད་གཞི་ལས་རིགས8མང་བས་ནད་རིགས38ལ་སླེབས་ཡོད།

བོད་ལྗོངས་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཡུག་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་གཅིག་པུ་ཡིན་པས་ནད་ཀྱི་རྐྱེན་གྱིས་དབུལ་བོར་གྱུར་བའི་རོང་འབྲོག་མང་ཚོགས་མང་པོ་ཡོད། ནད་ཆེན་ཆེད་དོན་སྐྱོབ་བཅོས་ནི་དབུལ་ཐར་འགག་སྒྲོལ་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། སྐྱོབ་བཅོས་བྱ་ཡུལ་ནི་གཙོ་བོ་ཚགས་འཛུགས་བྱང་སྒྲིག་ནད་པ་དབུལ་བོ་ཡིན་པ་རེད། 2017ལོར་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ནད་རིགས་ཀྱི་རྨང་གཞིའི་ཐོག་བོད་ལྗོངས་ཀྱིས་ཐུམ་འབུའི་ནད་དང་སྐྱ་འགྲིབ་ཀྱི་ནད་དེའི་ཁོངས་སུ་བཅུག་པ་དང་དེ་རྗེས་ཆེད་དོན་སྐྱོབ་བཅོས་ནད་རིགས་ཀྱི་ཁྱབ་ཁོངས་ཐེངས་མང་བོར་རྒྱ་བསྐྱེད་དུ་བཏང་།

        ཚགས་འཛུགས་བྱང་སྒྲིག་ནད་པར་དམིགས་ཏེ་བོད་ལྗོངས་ཀྱིས་གནས་ཁེལ་སྨན་ཁང་དང་། སྨན་བཅོས་ཇུས་གཞི། རིན་འཇལ་རྩ་དོན། འགན་སྲུང་སྲིད་ཇུས་བཅས་གཏན་འཁེལ་བྱས་ཏེ་ནད་གཞིའི་གནས་ཚུལ་ལྟར་ནད་ཆེན་གྱི་སྐོར་ལ་གཅིག་སྡུད་སྐྱོབ་བཅོས་བྱེད་པ་དང་། གཅོང་ནད་ཀྱི་སྐོར་ལ་གན་འཇོག་དོ་དམ་བྱེད་པ། ནད་གཞི་ཚབས་ཆེན་གྱི་སྐོར་ལ་ཐ་སྐྱོང་འགན་སྲུང་བྱེད་པའི་བྱ་ཐབས་ལག་བསྟར་བྱས་ཤིང་། མིག་སྔའི་བར་ནད་ཆེན་ཕོག་པའི་མཁན་དབུལ་བོ5000ལྷག་ལ་ཆེད་དོན་སྐྱོབ་བཅོས་བྱས་པ་དང་། གཅོང་ནད་ཕོག་མཁན་ཁྲི4ལྷག་ཙམ་གྱིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དང་ལེན་བྱས་པ། ནད་གཞི་ཚབས་ཆེན་ཕོག་མཁན1800ལྷག་ཙམ་ལ་ཐ་སྐྱོང་འགན་སྲུང་བྱས་ཡོད།

          དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱིས་ཤང་དང་གྲོང་ཚོའི་རིམ་གཉིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་མི་སྣར“གཙང་སེལ་བྱ་སྤྱོད”སྤེལ་ནས་ལྗོངས་ཡོངས་ཀྱི་རྫོང74དང་། ཤང་དང་གྲོང་རྡལ678 གྲོང་ཚོ(གྲོང་ལྷན)5300བཅས་སུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཙུགས་ཏེ་ཞབས་ཞུའི་ཁྱབ་ཁོངས་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁུལ་ཚང་མར་ཁྱབ་ནས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང215ལ་ཚད་མཐུན་ལས་གཉེར(ལས་རོགས)གྱི་སྨན་པ་དཀའ་བཅུ་པ་མེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། རྫོང་ཁོངས་སུ་སྨན་ཁང་དུ་སྡོད་སྐབས“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པ”མངོན་འགྱུར་ཐུབ་ནས་ནད་པ་དབུལ་བོའི་སྨན་རིན་སྤྲོད་པའི་ཁུར་པོ་ཇེ་ཡང་དུ་བཏང་།

          ལོ་མང་པོའི་རིང་བོད་ལྗོངས་ཀྱི་སྨན་བཅོས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས“ནད་ཆེན”རིགས371རང་སྐྱོང་ལྗོངས་ནང་ཁུལ་དུ་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”རིགས2373གྲོང་ཁྱེར་དང་ས་ཁུལ་དུ་སྨན་བཅོས་ཐུབ་པ། རྒྱུན་མཐོང་གི“ནད་ཆུང”ཁག་རྫོང་རིམ་པའི་སྨན་ཁང་དུ་དུས་ཐོག་སྨན་བཅོས་ཐུབ་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།