དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡང་བསྐྱར་དོན་འདིར་ལན་སློག་པ།

སྤེལ་དུས 2021-02-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བྱང་ཤར་ས་ཁུལ་ཚོད་ལྟའི་ཁུལ་གྱི་བུ་བཙའི་ལྷོད་ཡངས་སྲིད་ཇུས་ཚོད་འཛིན་བྱ་རྒྱུ་ཡིན་མིན་ཐད་ལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལན་བཏབ་པ།  
            ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཨང9839པ་ཡི《བྱང་ཤར་ས་ཁུལ་གྱི་མི་འབོར་ཉུང་དུ་འགྲོ་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་གྲོས་འགོ》ཞེས་པའི་ལན་ལ(གཤམ་དུ“ལན”ཞེས་བསྡུ་རྒྱུ།)སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། 
            དེའི་ཐད་ལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལན་བཏབ་པ་སྟེ། བྱང་ཤར་ས་ཁུལ་གྱི་མི་འབོར་ཡུན་རིང་ཉུང་དུ་སོང་བར་རྒྱུ་རྐྱེན་མང་པོ་ཡོད་ཅིང་། བུ་བཙའི་སྲིད་ཇུས་ལྷོད་ཡངས་སུ་བཏང་པ་ཙམ་གྱིས་ཐག་ཆོད་པ་ཞིག་མ་ཡིན་ལ། “རྒྱལ་ཁབ་ཀྱིས་བྱང་ཤར་ས་ཁུལ་གྱི་བུ་བཙའི་སྲིད་ཇུས་ཀྱི་ཚོད་འཛིན་ཁྱོན་ཡོངས་ནས་ལྷོད་ཡངས་སུ་གཏོང་རྒྱུའི་རེ་ཞུ”ལ་ཁྱོན་ཡོངས་ནས་ཞིབ་འཇུག་གཏིང་ཟབ་མོ་དང་ར་སྤྲོད་བྱེད་དགོས་ཞེས་བཤད། 
            དྲ་ལམ་དུ“བྱང་ཤར་ས་ཁུལ་ཚོད་ལྟའི་ཁུལ་གྱི་བུ་བཙའི་ལྷོད་ཡངས་སྲིད་ཇུས་ཚོད་འཛིན་བྱ་རྒྱུ”ཞེས་པ་དང“བུ་བཙའི་སྲིད་ཇུས་ཁྱོན་ཡོངས་ནས་ལྷོད་ཡངས་སུ་གཏོང་རྒྱུ”སོགས་ཀྱི་ཚོད་དཔག་ནི་ལན་འདིའི་དོན་སྙིང་དངོས་དེ་མིན།


རྩོམ་སྒྲིག་པ། བདེ་སྒྲོལ།