ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་རང་སྐྱོང་ལྗོངས་ཀྱི་ངར་སློང་སྨན་རིགས་ངོ་རྒོལ་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་པ།

སྤེལ་དུས 2021-09-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གསར་འགོད་པར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ངར་སློང་སྨན་རིགས་ངོ་རྒོལ་ལྟེ་གནས་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ངར་སློང་སྨན་རིགས་ངོ་རྒོལ་ལྟེ་གནས་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་མཆན་བཀོད་བཀའ་ལན་ཐོབ་ནས་བཙུགས་པ་ཞིག་ཡིན་པ་དང་། འགན་ནུས་གཙོ་བོ་ནི་ངར་སློང་སྨན་རིགས་ཞིབ་དཔྱད་དང་སྒྲིག་འགལ་གྱི་དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་གཞོགས་འདེགས་རང་བཞིན་གྱི་ལས་དོན་གྱི་འགན་འཁུར་བ་དང་ངར་སློང་སྨན་རིགས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་དང་། སློབ་གསོ། གསོ་སྦྱོང་སོགས་ཀྱི་འགན་འཁུར་གྱི་ཡོད་པ་རེད།
          ལྗོངས་ལུས་རྩལ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་ཉི་མ་ཚེ་རིང་གིས། བོད་རང་སྐྱོང་ལྗོངས་ངར་སློང་སྨན་རིགས་ངོ་རྒོལ་ལྟེ་གནས་བཙུགས་པ་ནི་ངར་སློང་སྨན་རིགས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྐོར་གྱི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་སྤྱིའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། ལུས་རྩལ་སྟོབས་ཆེའི་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པས། དེ་ཐོག་ནས་བོད་ཀྱི་ངར་སློང་སྨན་རིགས་ལ་ངོ་རྒོལ་བྱེད་པའི་ལས་དོན་འགོ་འཛུགས་ས་གསར་པ་ཞིག་དང་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ལྗོངས་ཡོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱིས“ཟོལ་མེད་ངང་ལུས་རྩལ་ལ་ཞུགས་པ་དང་གསེར་གྱི་རྟགས་མ་གཙང་མ་ལེན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། ངར་སློང་སྨན་རིགས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ངར་སློང་སྨན་རིགས་ལ་ངོ་རྒོལ་བྱེད་པའི་ཕུགས་ཕན་བཅོས་སྐྱོང་མ་ལག་འཛུགས་པ། ངར་སློང་སྨན་རིགས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཆེད་ལས་ཅན་དང་། གནད་འཁེལ་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཀྱི་ལུས་རྩལ་པས་འགྲན་བསྡུར་ཁག་ནང་ངར་སློང་སྨན་རིགས་སྤྱོད་པའི་གནད་དོན་གཅིག་ཀྱང་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བརྗོད། 
རྩོམ་སྒྲིག་པ། བདེ་སྒྲོལ།