ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

《རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་གི་གྲོས་མོལ་རྒྱུན་རྣམ་ཅན་དང་འཚམ་པར་བྱས་ནས་སྨན་རྫས་དོན་འཁྱོལ་གྱི་གྲོས་མོལ་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

སྤེལ་དུས 2021-09-15 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་གི་གྲོས་མོལ་རྒྱུན་རྣམ་ཅན་དང་འཚམ་པར་བྱས་ནས་སྨན་རྫས་དོན་འཁྱོལ་གྱི་གྲོས་མོལ་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། 《བརྡ་ཐོའི》ནང་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁག་གིས་ལུགས་མཐུན་ངང་སྨན་སྤྱོད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། སྨན་ཁང་ནང་གི་སྨན་རྫས་བཀོད་སྒྲིག་དང་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་ལེགས་སྒྲིག་གི་མཉམ་འགུལ་ལམ་སྲོལ་འཛུགས་དགོས་པ་དང་། དཀར་ཆག་གསར་པ་དངོས་སུ་ཁྱབ་བསྒྲགས་བྱས་རྗེས་ནད་ཐོག་སྨན་བཅོས་ཀྱི་སྨན་རྫས་ཀྱི་དགོས་མཁོ་ལྟར། སྨན་དོན་ཚོགས་འདུ་དུས་ཐོག་དང་སྤྱི་འདོམས་ཀྱིས་འཚོགས་ནས་བཀོད་སྒྲིག་བྱེད་དགོས་རིགས་ཚང་མ་གཅིག་ཀྱང་མ་ལུས་པར་བཀོད་སྒྲིག་བྱེད་དགོས་ཞེས་གཏན་འཁེལ་ཁ་གསལ་བྱས་ཡོད།
            《བརྡ་ཐོའི》ནང་རྩ་དོན་ཐོག་2021ལོའི་ཟླ་10པའི་ཟླ་མཇུག་གོང་དུ་ཞིང་ཆེན་ཁག་གིས་ཞིང་ཆེན་དེ་ག“བགྲོད་ལམ་གཉིས”ཀྱི་དོ་དམ་ནང་འཇུག་རྒྱུའི་སྨན་རྫས་གྲོས་མོལ་གྱི་མིང་ཐོ་གཏན་འཁེལ་བྱེད་པ་དང་འབྲེལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས། ཟླ་11པའི་ཟླ་མཇུག་གོང་དུ་ཞིང་ཆེན་ཁག་གིས་ས་ཁུལ་རིམ་པའི་གྲོང་ཁྱེར(ཀྲོའུ་དང་མོང)ཚང་མར་ཉུང་མཐར་ཡང་ཆ་རྐྱེན་འཛོམས་པའི“བགྲོད་ལམ་གཉིས”ཀྱི་སྨན་སིལ་ཚོང་ཁང་གཅིག་ཡོད་པར་བྱེད་དགོས་པ་མ་ཟད། དེ་མཚུངས་ཀྱི་སྨན་རྫས་མཁོ་སྤྲོད་འགན་སྲུང་ཞབས་ཞུའང་སྒྲུབ་དགོས་པའི་གཏན་འཁེལ་ཁ་གསལ་བྱས་ཡོད།
            ས་གནས་ཁག་གི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་དོ་དམ་ལ་ཤུགས་སྣོན་དང་། མཁོ་སྤྲོད་འགན་ལེན། བེད་སྤྱོད་ཚད་ལྡན། ལྟ་འདོམས་ནན་པོ་བཅས་ཀྱི་རྩ་དོན་གཞིར་བཟུང་། སྨན་ཤོག་འཁོར་རྒྱུག་ལྟེ་གནས་འཛུགས་དགོས་པ་མ་ཟད། “བགྲོད་ལམ་གཉིས”ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་པའི་སྨན་རྫས་དག་དམིགས་འཛུགས་སྨན་སིལ་ཚོང་ཁང་དང་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་གཅིག་གྱུར་རྩིས་ཞུའི་སྲིད་ཇུས་ལག་བསྟར་ཡང་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་གྲོས་མོལ་སྨན་རྫས་ཁེར་རྐྱང་གཏོང་སྤྲོད་སྲིད་ཇུས་འཚོལ་ཞིབ་ཧུར་ཐག་གིས་འཐུས་སྒོ་ཚང་དུ་བཏང་ནས་གྲོས་མོལ་སྨན་རྫས་དེ་བས་མང་བ་ཁེར་རྐྱང་གཏོང་སྤྲོད་ཀྱི་ཁོངས་སུ་རིམ་པས་འཇུག་དགོས། རྩ་དོན་ཐོག་2021ལོའི་ཟླ་10པའི་ཟླ་མཇུག་གོང་དུ་ཞིང་ཆེན་ཁག་གིས་རང་ཞིང་ཆེན་གྱི“བགྲོད་ལམ་གཉིས”ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་པའི་སྨན་རྫས་ཀྱི་མིང་ཐོ་གཏན་འཁེལ་བྱེད་པ་དང་འབྲེལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས། 2021ལོའི་ཟླ་11པའི་ཟླ་མཇུག་གོང་དུ་ཞིང་ཆེན་ཁག་གིས་ས་ཁུལ་རིམ་པའི་གྲོང་ཁྱེར(ཀྲོའུ་དང་མོང)ཚང་མར་ཉུང་མཐར་ཡང་ཆ་རྐྱེན་འཛོམས་པའི“བགྲོད་ལམ་གཉིས”ཀྱི་སྨན་སིལ་ཚོང་ཁང་གཅིག་ཡོད་པ་བྱེད་དགོས་པ་མ་ཟད། དེ་མཚུངས་ཀྱི་སྨན་རྫས་མཁོ་སྤྲོད་འགན་སྲུང་ཞབས་ཞུའང་སྒྲུབ་དགོས།
            འདི་ལོའི་ཟླ་5པར་ནད་པར་སྨན་རྫས་དུས་ཐོག་ཏུ་ཉོ་རྒྱུ་དང་སྤྱོད་རྒྱུ་ཡོང་བར་བྱེད་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་གི་སྨན་རྫས་གྲོས་མོལ་གྱི“བགྲོད་ལམ་གཉིས”ཀྱི་དོ་དམ་ལམ་སྲོལ་འཛུགས་དགོས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་ཏེ། “བགྲོད་ལམ་གཉིས”ཀྱི་དོ་དམ་ལམ་སྲོལ་འཛུགས་དགོས་ཞེས་གཏན་འཁེལ་ཁ་གསལ་བྱས་པ་སྟེ། དམིགས་འཛུགས་སྨན་བཅོས་སྒྲིག་གཞི་དང་དམིགས་འཛུགས་སྨན་སིལ་ཚོང་ཁང་ཞེས་པའི་ཐབས་ལམ་གཉིས་བརྒྱུད་གྲོས་མོལ་སྨན་རྫས་མཁོ་སྤྲོད་བྱས་ཏེ། སྨན་རྫས་མཁོ་སྤྲོད་འགན་ལེན་དང་ནད་ཐོག་སྨན་བཅོས་ཐད་བེད་སྤྱོད་སོགས་ཀྱི་ལུགས་མཐུན་དགོས་མཁོ་སྐོང་དགོས་པ་མ་ཟད། གོམ་སྟབས་གཅིག་མཚུངས་ངང་སྨན་བཅོས་འགན་སྲུང་གཏོང་སྤྲོད་ཀྱི་ལམ་སྲོལ་ནང་དུའང་འཇུག་དགོས་པ་དང་། ནད་ཐོག་སྨན་བཅོས་ཀྱི་རིན་ཐང་ཆེ་བ་དང་། ནད་པར་དགོས་མཁོ་ཆེ་བ། ཚབ་བྱེད་ཚད་མཐོ་པོ་མེད་པ་བཅས་ཀྱི་སྨན་རྫས་རིགས་དུས་ཐོག་ཏུ“བགྲོད་ལམ་གཉིས”ཀྱི་དོ་དམ་ནང་འཇུག་དགོས་པ་དེ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།