དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་ཁོང་ཀོ(པུའུ)རུ་འབྱོར་པ།

སྤེལ་དུས 2021-03-16 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        འདི་ནི་ཟླ་3ཚེས་10ཉིན་ཁོང་ཀོ(པུའུ)ཡི་དཔོན་རིགས་དང་ཁོང་ཀོ(པུའུ)རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མཱ་ཕུའུ་ལིང(དཀྱིལ)གིས་པུ་ར་ཙ་ཝེར་གནམ་ཐང་དུ་ཀྲུང་གོ་སྲིད་གཞུང་གིས་ཁོང་ཀོ(པུའུ)ལ་རོགས་སྐྱོར་བྱས་པའི་རྒྱལ་ཁབ་སྨན་རྫས་ཚོགས་པའི་ཀྲུང་གོ་སྐྱེ་དངོས་ཏོག་གསར་རིམས་འགོག་སྨན་ཁབ་རྩིས་སྤྲོད་རྩིས་ལེན་བྱེད་པའི་ནང་ཞུགས་པ།
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ར་ཙ་ཝེར་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྲིད་གཞུང་གིས་ཁོང་ཀོ(པུའུ)ལ་རོགས་སྐྱོར་བྱས་པའི་རྒྱལ་ཁབ་སྨན་རྫས་ཚོགས་པའི་ཀྲུང་གོ་སྐྱེ་དངོས་ཏོག་གསར་རིམས་འགོག་སྨན་ཁབ་དེ་ཉེ་ཆར་ཁོང་ཀོ(པུའུ)ཡི་རྒྱལ་ས་པུ་ར་ཙ་ཝེར་ལ་འབྱོར་པ་རེད། ཁོང་ཀོ(པུའུ)ཡི་ཕྱི་འབྲེལ་པུའུ་ཀྲང་རང་-ཁེ་ལུའོ་ཏེ་·ཅ་ཁོ་སུའོ་དང་། འཕྲོད་བསྟེན་པུའུ་ཀྲང་ཡ་ཁེ་ལི་ནཱ་·ལི་ཏི་ཡ་·སྨི་ཁོ་ལུའོ། རྒྱལ་སྲུང་པུའུ་ཀྲང་ཤར་·ལི་ཤར་·མོང་ཆའོ་སོགས་དཔོན་རིགས་དང་ཁོང་ཀོ(པུའུ)ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མཱ་ཕུའུ་ལིང་གནམ་ཐང་ལ་རྩིས་སྤྲོད་རྩིས་ལེན་བྱེད་པར་སླེབས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།