དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གྱིས་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཏོག་གསར་རིམས་འགོག་སྨན་ཁབ་ཐོབ་རྒྱུར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ།

སྤེལ་དུས 2021-03-17 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཡོད་ཧན·ཁེན་ཀེ་སུང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་ཨ་ཧྥེ་རི་ཁར་ཏོག་གསར་རིམས་འགོག་སྨན་ཁབ་ཐོབ་རྒྱུར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
          ཁེན་ཀེ་སུང་གིས་ད་དུང་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་རམ་སྣ་ཚོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མཉམ་ལས་རོགས་ཟླ་དེ་བས་མང་བས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དེ་བས་མང་བ་ཐོབ་རྒྱུར་རོགས་རམ་བྱ་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད།
          ཁེན་ཀེ་སུང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཏོག་གསར་གློ་ཚད་རིམས་ནད་ལས་ཐོན་པའི་འགྲན་སློང་འཕྲད་བཞིན་ཡོད་ཅིང་། འགྲན་སློང་གཅིག་ནི་ཇི་ལྟར་བྱས་ནས་རིམས་འགོག་སྨན་ཁབ་དུས་ཐོག་ཏུ་ཐོབ་པ་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་པ་མཆེད་རྒྱུ་བཀག་འགོག་བྱ་རྒྱུ་དེ་ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པའི“ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིས”ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཏུ་རིམས་འགོག་སྨན་ཁབ་ཁྱབ་གདལ་གཏོང་འགོ་ཚུགས་པ་དེས་མིག་སྔའི་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་འགྲོ་བར་ཕན་པ་ཐོབ་རྒྱུ་ཡིན་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། འགྲན་སློང་གཞན་ཞིག་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་རིམས་འགོག་གི་བྱ་ཐབས་སྤྱད་ནས་ལོ་གཅིག་ཙམ་སོང་ཡོད་པས་མི་རྣམས་ལ“རིམས་འགོག་གི་ངལ་དུབ”ཐོན་འགོ་ཚུགས་པས་ངས་ཨ་ཧྥེ་རི་ཁའི་སྤྱི་དམངས་ཚང་མར་སྤྱི་པའི་འཕྲོད་བསྟེན་གྱི་གཏན་འབེབས་ལ་མུ་མཐུད་བརྩི་སྲུང་ཞུ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།