དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གསུམ་པ་མོ་ཞི་ཁོར་འབྱོར་བ།

སྤེལ་དུས 2021-03-17 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
       ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གོ་ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གསུམ་པ་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་གི་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་བ་རེད། མོ་ཞི་ཁོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མཱར་ཐེ·ཏེར་ཅཱ་ཏུའོ་སོགས་དཔོན་རིགས་གནམ་ཐང་དུ་རྩིས་ལེན་པར་སླེབས་ཡོད།
       ཏེར་ཅཱ་ཏུའོ་ཡིས་ཤིས་ཚིག་ནང་ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཁག་དེའི་ཏོག་གསར་རིམས་འགོག་སྨན་ཁབ་མོ་ཞི་ཁོར་འབྱོར་བ་དེ་ནི་མོ་ཀྲུང་རྒྱལ་ཁབ་གཉིས་དབར་མཉམ་ལས་དམ་ཟབ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོས་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ཁྲོད་མཛའ་གྲོགས་དང་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་མཉམ་ལས་ཁྲོད་མཐུན་སྒྲིལ་གྱི་བྱ་སྤྱོད་སྤེལ་བ་མོ་ཞི་ཁོ་ཕྱོགས་ཀྱིས་བརྗེད་མི་སྲིད་ཅེས་འཁོད་ཡོད་པ་རེད།
       ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་དེ་ཟླ་2ཚེས་20ཉིན་མོ་ཞི་ཁོ་གྲོང་དུ་འབྱོར་རྗེས་མོ་ཞི་ཁོ་ཀྲོའུ་ཨེ་གཱ་ཐེ་ཕེ་ཁེ་གྲོང་ཁྱེར་དུ་རྒྱག་འགོ་ཚུགས་ཡོད། ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གཉིས་པ་ཟླ་དེའི་ཚེས་27ཉིན་མོ་ཞི་ཁོར་འབྱོར་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།