དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གཉིས་པ་ཁོ་ལོམ་པི་ཡར་འབྱོར་བ།

སྤེལ་དུས 2021-03-17 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཁོ་ལོམ་པི་ཡའི་པོ་ཀོ་ཐོའི་ཨེར་ཏོ་ལ་ཏོ་རྒྱལ་སྤྱིའི་གནམ་ཐང་ནས་པར་བླངས་པའི་ཕབ་མ་ཐག་པའི་ཁོའོ་ཤིང་གི་རིམས་འགོག་སྨན་ཁབ་ཡིན་པ།
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པོ་ཀོ་ཐོ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གཉིས་པ་ཚེས་6ཉིན་གྱི་ཕྱི་དྲོ་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོར་འབྱོར་བ་རེད། རིམས་འགོག་སྨན་ཁབ་འབྱོར་རྗེས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཆ་འཕྲིན་ཞིག་ཁྱབ་བསྒྲགས་བྱས་པ་དང་སྦྲགས་སྲིད་གཞུང་གིས་མི་འབོར་70%ཡན་ལ་རིམས་འགོག་སྨན་ཁབ་རྒྱག་ཐུབ་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད།
        ཁོ་ལོམ་པི་ཡའི་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་དེ་གོང་ཡོངས་བསྒྲགས་བྱས་པའི་འཆར་གཞི་ལྟར་ན། རྒྱལ་ཡོངས་ཀྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་དེ་བཞིན་རྒན་གསོའི་སྒྲིག་གཞིའི་ལོ་80ཡན་གྱི་རྒན་རྒོན་ལ་ཁོའོ་ཤིང་གི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དང་ཆབས་ཅིག་ལྷོ་རྒྱུད་དང་པར་ཙིར་དང་འབྲེལ་མཚམས་ཀྱི་ཡ་མ་སུན་ཞིང་ཆེན་དང་། འོ་ཕེ་སི་ཞིང་ཆེན། ཀྭ་དབྱི་ཉི་ཡ་ཞིང་ཆེན་བཅས་ལ་གཙོ་གནད་ཐོག་མཁོ་འདོན་བྱས་ཏེ། པར་ཙིར་དུ་ཐོན་པའི་ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་མཆེད་རྒྱུར་ཁ་གཏད་གཅོག་རོགས་བྱས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།