དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་བསྟན་དོན། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཆེན་པོར་ལྡན་དགོས་པའི་གདེང་ཚོད་དང་ཉམས་འགྱུར་མངོན་པའི་རེ་བ་ཡོད།

སྤེལ་དུས 2021-03-25 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཀྲུང་གོ་དང་ཨ་རིར་ཐུན་མོང་གི“གྲོགས་ཚོགས”ཡོད་ཆོག་གི་རེད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཆེན་པོར་ལྡན་དགོས་པའི་གདེང་ཚོད་དང་ཉམས་འགྱུར་མངོན་དགོས་པ་ལས། རྒྱལ་ཁབ་གཞན་ལ་རང་ཉིད་ཀྱི་ཕྱོགས་སུ་ལངས་པ་དང་ཨ་རིའི་རྗེས་སུ་འབྲངས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་བཟོ་བ་བཅས་ལ་བཙན་སྐུལ་མི་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
        དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། ཀྲུང་གོ་དང་ཨ་རིའི་རིམ་མཐོའི་འཐབ་ཇུས་གླེང་མོལ་ཁྲོད་ཀྲུང་གོས་ཨ་རིའི་མནའ་མཐུན་རྒྱལ་ཁབ་ལ་དཔལ་འབྱོར་དང་དམག་དོན་གྱི“བཙན་སྐུལ”བྱས་པ་ཨ་རི་ཕྱོགས་ཀྱིས་ཐེངས་མང་བརྗོད་ཡོད། ཨོ་སི་ཁྲུ་ལི་ཡའི་ཚོང་དོན་དང་ཡུལ་སྐོར་མ་འཇོག་པུའུ་ཀྲང་གིས། ཨ་རི་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིས་ཨོ་སི་ཁྲུ་ལི་ཡ་ཁེར་རྐྱང་དུ་རོགས་སྐྱོར་བྱེད་མཁན་མེད་པར་འཇོག་མི་སྲིད་ཅེས་བརྗོད་ཡོད། དེ་དང་ཆབས་ཅིག་ང་ཚོས་ཀྱང་འཕྲིན་སྤེལ་ཁག་གཅིག་ནང་། ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ཨ་རིས“ཀྲུང་གོར་ངོ་རྒོལ་གྱི་མནའ་མཐུན”འཛུགས་པར་གཟབ་ནན་གྱི་ལྟ་སྟངས་འཛིན་་དགོས། ཨ་རིའི་འཐབ་ཇུས་དམིགས་ཚད་ཁོ་ནར་བསྟུན་ནས་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་མི་བལྟོས་ཚེ་དོ་སྙོམས་ཡོང་དཀའ་ཞེས་བརྗོད་པ་ཡང་མཐོང་བྱུང་། དཔེར་ན་ཧན་གོ་ཕྱོགས་ཀྱིས། ཧན་གོས་ཀྲུང་གོ་ཉེན་ཁར་བརྩི་མི་སྲིད་པ་མ་ཟད། ད་དུང་ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
        ཧྭ་ཁྲུན་ཡིང་གིས། ཨ་རི་དང་དེ་བཞིན་མནའ་མཐུན་རྒྱལ་ཁབ་ཟེར་བ་ཁག་གཅིག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚབ་བྱེད་ཐབས་བྲལ། དོན་དངོས་ཐོག་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བས་ཨ་རི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡིན་པ་དང་། ཨ་རིའི་རིན་ཐང་ནི་རྒྱལ་སྤྱིའི་རིན་ཐང་ཡིན་པ། ཨ་རིས་བཤད་པ་ནི་རྒྱལ་སྤྱིའི་གླེང་ཕྱོགས་ཡིན་པ། རྒྱལ་ཁབ་ཉུས་ཤས་ཀྱིས་བཟོས་པའི་སྒྲིག་སྲོལ་ནི་རྒྱལ་སྤྱིའི་སྒྲིག་སྲོལ་ཡིན་པ་བཅས་ཁས་གཏན་ནས་ལེན་གྱི་མེད་ཅེས་བརྗོད་པ་རེད།
        ཧྭ་ཁྲུན་ཡིང་གིས། ཀྲུང་གོས་ཨ་རི་དང་དེ་བཞིན་ཨོ་སི་ཁྲུ་ལི་ཡ་སོགས་ཨ་རིའི་མནའ་མཐུན་རྒྱལ་ཁབ་ཁག་གཅིག་དབར་རང་སོ་སོའི་གནད་དོན་དང་ལངས་ཕྱོགས་ཡོད་ལ་བདེན་རྫུན་གང་ཡིན་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད། ཤོག་ཁག་བསྒྲིགས་ནས“ཚོགས་པ་ཆུང་ཆུང”བཙུགས་ཏེ་ཀྲུང་གོར་གནོན་ཤུགས་སྤྲད་པའམ་བསྙད་འཚོལ་འཇིགས་སྐུལ་བྱེད་པ་དང་ཐ་ན་ཝ་མོ་སྟག་བརྫུས་ཀྱིས་ཀྲུང་གོར་འཇིགས་སྣང་སྐུལ་བ་ནི་འགྲུབ་ཐབས་མེད་པ་ཞིག་རེད། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་དབར་ཐད་ཀར་སྐད་ཆ་བྱེད་ཆོག་པས་ཨ་རི་དང་ཉེ་བཅར་བྱས་ཚེ་ཐོབ་ཤོར་ཁ་མི་འཐབ་ཅེས་བརྗོད་པ་རེད།
        ཧྭ་ཁྲུན་ཡིང་གིས། འཛམ་གླིང་འདིའི་ཐོག་སུ་ཞིག་གིས་འགྲིག་མ་འགྲིག་ལ་རྒྱལ་ཁབ་གཞན་ལ་བཀག་སྡོམ་བྱེད་པ་དང་། ལག་རིང་བརྐྱངས་ནས་དོ་དམ་བྱེད་པ། བཙན་སྐུལ་བྱེད་པ་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་པོ་ཤེས་ཀྱི་ཡོད། ཀྲུང་གོས་ཚོང་དོན་རྩོད་གཞི་གཏན་ནས་སློང་མི་སྲིད་ལ། ཁྲིམས་འགལ་ངང་རྒྱལ་ཁབ་གཞན་གྱི་སྤྱི་དམངས་འཛིན་བཟུང་དང་རྒྱུ་རྐྱེན་གང་ཡང་མེད་པར་རྒྱལ་ཁབ་གཞན་གྱི་ཁེ་ལས་ལ་བཙན་གནོན་བྱེད་མི་སྲིད། “བཙན་སྐུལ་གྱི་ཕྱི་འབྲེལ”ཟེར་བ་དེ་ཨ་རིར་བརྗོད་ན་འཚམ་ཤོས་ཡིན་པ་ལས་ཀྲུང་གོ་གཏན་ནས་མིན་ཞེས་བརྗོད་པ་རེད།
        “མཇུག་ཏུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་སམ་ཡང་ན་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བ་དང་ད་དུང་ཨ་རིའི་མནའ་མཐུན་ཡིན་ཟེར་བའི་རྒྱལ་ཁབ་ཁག་གཅིག་གི་མི་དམངས་གང་ཞིག་ཡིན་རུང་། ཚང་མས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་རིར་ཐུན་མོང་གི‘གྲོགས་ཚོགས’ཡོད་ཆོག་གི་རེད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཆེན་པོར་ལྡན་དགོས་པའི་གདེང་ཚོད་དང་ཉམས་འགྱུར་མངོན་དགོས་པ་ལས་རྒྱལ་ཁབ་གཞན་ལ་རང་ཉིད་ཀྱི་ཕྱོགས་སུ་ལངས་པ་དང་། ཨ་རིའི་རྗེས་སུ་འབྲངས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་བཟོ་བ་བཅས་ལ་བཙན་སྐུལ་མི་བྱེད་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།