དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་བསྟན་དོན།འཛམ་གླིང་ཇི་ཙམ་ཡོ་ལང་ཆེ་ནའང་ཀྲུང་ཨུའི་མཉམ་ལས་དེ་ཙམ་གྱིས་བརྟན་པོའི་སྒོ་ནས་མདུན་སྐྱོད་བྱེད་དགོས།

སྤེལ་དུས 2021-03-25 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་ཚེས་22ཉིན་ནས་བཟུང་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་དེ་ཉིན། འཛམ་གླིང་ཇི་ཙམ་ཡོ་ལང་ཆེ་ནའང་ཀྲུང་ཨུའི་མཉམ་ལས་དེ་ཙམ་གྱིས་བརྟན་པོའི་སྒོ་ནས་མདུན་སྐྱོད་བྱེད་དགོས། ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་བཏང་ནས་ཕྱོགས་གཉིས་པོའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།
        ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ལཱ་ཕུའུ་ལུའོ་ཕུའུ་ཡིས་ཉེ་ཆར་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་བཙན་དབང་སྲིད་ཇུས་ལག་བསྟར་བྱས་ནས། འཛམ་གླིང་སྣ་མང་ཅན་དང་དམངས་གཙོ་ཅན་གྱི་འཕེལ་ཕྱོགས་ལ་འགལ་རྐྱེན་བཟོ་རྩིས་བྱས་ཏེ། རང་ཉིད་ཀྱི་འདུན་པ་དང་རེ་བ་དེ་རྒྱལ་ཁབ་གཞན་ལ་བཙན་འགེལ་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ལས་འགན་ཨང་དང་པོ་ནི་ཆུ་ཚད་མཐོ་བའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་འཛམ་གླིང་སྣ་མང་ཅན་གྱི་འཕེལ་རྒྱས་དང་ས་ཁོངས་གཞི་གཅིག་ཅན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
        “ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་ཡི་སྐད་ཆ་དེ་གནད་ལ་འཁེལ་བ་ཞིག་འདུག” ཧྭ་ཁྲུན་ཡིང་གིས་འཛམ་གླིང་ཇི་ཙམ་ཡོ་ལང་ཆེ་ནའང་ཀྲུང་ཨུའི་མཉམ་ལས་དེ་ཙམ་གྱིས་བརྟན་པོའི་སྒོ་ནས་མདུན་སྐྱོད་བྱེད་དགོས། དུས་ཡུན་རིང་པོའི་ནང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྟག་ཏུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བའི་དར་རྟགས་འཕྱར་ནས་རང་དགར་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱས་ཏེ་འཛམ་གླིང་ལ་རྙོག་དྲ་མང་པོ་བཟོ་བ་དང་ཐ་ན་དེ་དག་ནི་ཟིང་ཆའི་འབྱུང་རྩར་འགྱུར་གྱི་ཡོད། ཀྲུང་གོ་དང་ཨུ་རུ་སུས་ཐོག་མཐའ་བར་གསུམ་དུ་དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་དམ་ཟབ་བྱས་ནས་འཛམ་གླིང་ཐོག་གི་བཙན་དབང་དང་ཧམ་ཤེད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དེ་འཛམ་གླིང་ཞི་བདེ་བརྟན་ལྷིང་གི་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟ་བུར་འགྱུར་ཡོད་ཅེས་བརྗོད།
        ཧྭ་ཁྲུན་ཡིང་གིས་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་ཚེས་22ནས་བཟུང་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་། ད་ཐེངས་ཀྱི་འཚམས་འདྲི་འདིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་བཏང་ནས་ཕྱོགས་གཉིས་པོའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས་མཉམ་དུ《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གཙོ་རྐང་དུ་བྱས་ནས་ཆིངས་ཡིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཁྱབ་ཁོངས་དེ་བས་ཆེ་བ་དང་། ས་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་ཐོག་ནས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན་མཉམ་ལས། དམངས་སེམས་གཅིག་མཐུན། དྲང་གཞག་དྲང་བདེན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་ཞིག་གཏོད་འདོད་ཡོད་ཅེས་བརྗོད་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།