དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཧཱ་ལི་སིས་ཀྲུང་གོའི་དབུལ་སྒྲོལ་གྱི་གྲུབ་འབྲས་སྐོར་གླེང་བ།

སྤེལ་དུས 2021-03-29 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཨའེ་ལུའོ་ཐེ·ཧཱ་ལི་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་དབུལ་པོ་ཉུང་གཏོང་ཐད་འགོ་འཛུགས་སྔ་བ་དང་། དམ་འཛིན་ལྷོད་མེད། གྲངས་འཛིན་ཅན་ཡག་པོ་སྤྱོད་པ། མི་འབོར་དབུལ་པོ་གཅིག་སྡུད་ཀྱི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་ཀྱི་བྱེད་ཐབས་དང་ཉམས་མྱོང་དག་དཔྱད་གཞིར་འཛིན་རིན་ཆེན་པོ་ཡོད་ཅེས་བརྗོད།
        ཧཱ་ལི་སིའི་ངོས་ནས་བརྗོད་ན། 2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དུས་ཐོག་གམ་ཡང་ན་སྔ་ཙམ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་གང་ཞིག་ཡིན་རུང་ཚང་མ་གོ་ལ་ཧྲིལ་པོར་ཁྱབ་གདལ་གཏོང་རིན་ཡོད་པ་དང་། ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་དབུལ་པོ་དབུལ་རྐྱང་སེལ་བའི་ལས་འགན་ལྕི་པོ་ལེགས་སྒྲུབ་ཟིན་པའི་གནས་ཚུལ་གྱིས་ཁོང་ལ་སེམས་ཤུགས་ཆེན་པོ་སྐྱེས་ཡོད།
        ཧཱ་ལི་སིས་ཀྲུང་གོས་དབུལ་པོ་དབུལ་རྐྱང་སེལ་བ་དེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག“དེ་ཁོ་ན་ལས་མེད་པ”དང“མི་སེམས་ལ་སྐུལ་མ་ཐེབས་པའི”རླབས་ཆེན་གྲུབ་འབྲས་ཤིག་རེད། ཀྲུང་གོས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7.7བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད་པས་གྲངས་གཞི་དེ་ཨ་རི་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་འབོར་བསྡོམས་འབོར་ལས་ཅུང་ཟད་ཉུང་བ་ལས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།
        ཧཱ་ལི་སིས་ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་ཀྱིས་མི་རྣམས་ལ་གནས་ལུགས་ཤིག་བསྟན་ཡོད་པ་སྟེ། དབུལ་པོ་སེལ་བ“བྱེད་ཐེངས་གཅིག་གིས་སྒྲུབ་ཐུབ་པ་ཞིག་མིན་ལ་སྲིད་ཇུས་གཅིག་བཟོས་ནས་འགྱུར་ལྡོག་གཏོང་ཐུབ་པའི་སྟབས་བདེའི་ལས་དོན་ཞིག་ཀྱང་མིན”དེར“ཁས་ལེན་བརྟན་པོ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་སྲིད་ཇུས་དང་བྱ་སྤྱོད་ཅིག་དགོས” ཀྲུང་གོས་སྐབས་དེར་དབུལ་པོ་ཉུང་གཏོང་གི་རླབས་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་འགོ་ཚུགས་སྐབས་ཆ་རྐྱེན་ཧ་ཅང་དཀའ་ཚེཌ་ཆེན་པོ་ཡོད་མོད། འོན་ཀྱང“དེས་ཀྲུང་གོ་བའི་འབད་བརྩོན་ལ་འགོག་རྐྱེན་བཟོས་མེད་པའི”ངོས་འཛིན་བྱེད་ཀྱི་ཡོད།
        དམ་འཛིན་ལྷོད་མེད་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ཕུད། ཧཱ་ལི་སིས་ཀྲུང་གོའི་དབུལ་སྒྲོལ་ཐད་ཀྱི་བྱེད་ཐབས་གཉིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔྱད་གཞིར་འཛིན་རིན་ཆེན་པོ་ཡོད་པ་སྟེ། “མི་འབོར་དབུལ་པོ་གཅིག་སྡུད་ཀྱི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲངས་འཛིན་ལག་རྩལ་བེད་སྤྱོད་གང་ལེགས་གཏོང་བ”གཉིས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
        ཧཱ་ལི་སིས་ཀྲུང་གོའི་གྲོང་ཁྱེར་ཅན་དུ་འགྱུར་ཚད་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་མོད། འོན་ཀྱང་གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རྒྱས་ཁོ་ནར་བརྟེན་ཚེ་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཐབས་བྲལ་ཡོད། ད་ཆ་རྒྱལ་ཁབ་ཁག་གཅིག་གི་དབུལ་སྒྲོལ་ཐད་ཀྱི་འབད་བརྩོན་ལ་གྲུབ་འབྲས་ཐོབ་མེད་པ་ནི་ཁོང་ཚོས་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཐད་མཐོང་ཆེན་མི་བྱེད་པ་དང་འབྲེལ་བ་ཆེན་པོ་ཡོད། གྲོང་ཁྱེར་ཅན་དུ་འགྱུར་རྒྱུར་མཐོང་བྱས་དྲགས་ཚེ་གནད་དོན་མང་དག་ཅིག་ཐོན་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།
        ཧཱ་ལི་སིས་འཕེལ་རྒྱས་ནི་རྒྱུན་དུ་ཉམས་ཞན་ཞིག་ཡིན་པས་རྡབ་རྡེག་ཁག་གཅིག་ལས་མི་རྣམས་ཡང་བསྐྱར་དབུལ་ཕོངས་ཀྱི་གནས་སུ་ལྷུང་སྲིད། “རྡབ་རྡེག་སྣ་ཚོགས་ཀྱི་རྐྱེན་པས་དབུལ་པོ་བསྐྱར་ལོག་མི་ཡོང་བའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་ཉམས་མྱོང་དེ་ཡང་རྒྱལ་ཁབ་གཞན་གྱིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།
        ཧཱ་ལི་སིས“ང་ཚོས་ཀྲུང་གོར་མིག་དཔེ་བལྟས་ཏེ་ལོ་5ཡི་གོང་ཁས་ལེན་བྱས་པ་བཞིན་2030ལོའི་གོང་དུ་ཤིན་ཏུ་དབུལ་བའི་གནས་ལས་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།
རྩོམ་སྒྲིག་པ། སངས་སྐྱབས།