དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཡུན་ནན་གྱིས་བྱེད་ཐབས་ཁག་16བཏོན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་དམག་ཧུར་ཐག་བྱེད་པ།

སྤེལ་དུས 2021-04-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཉེ་དུས་ཡུན་ནན་ཞིང་ཆེན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་དམག་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས《ཡུན་ནན་ཞིང་ཆེན་འདི་ཉིད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་དམག་ཏུ་ཧུར་ཐག་འགྱུར་བར་བྱེད་པའི་གཙོ་གནད་བྱེད་ཐབས་ཁག་16》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་ཁུངས་བེད་སྤྱོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཕྱོགས་6ཐད་ཀྱི་བྱེད་ཐབས་ཁག་16བཏོན་ཏེ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་ཆད་མེད་པར་ལག་ལེན་བསྟར་ནས། ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ། ཡུན་ནན་འདི་ཉིད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་དམག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འཕེལ་རྒྱས་གསར་པ་ཐོབ་དགོས་ལུགས་ཁ་གསལ་བཏོན་ཡོད།
        《བྱེད་ཐབས》ནང་བསྟན་དོན། ཁྲིམས་སྲོལ་ལམ་ལུགས་ཀྱི་སྣེ་ཁྲིད་དང་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་དམག་གི་ཆེད་དོན་འཆར་གཞི་འགོད་པ། 《ཡུན་ནན་ཞིང་ཆེན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་དམག་གཏོད་པའི་སྐུལ་འདེད་སྲོལ་ཡིག》གི་ལག་བསྟར་ཞིབ་སྲོལ་བཟོ་བ་བཅས་བྱས་ནས། ཐོན་ཁུངས་ཁོར་ཡུག་གི་རྩིས་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་མ་ཟད། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་གྱི་འགན་འབྲལ(འགན་འཁུར་བཞིན་པ)གྱི་རྩིས་བཤེར་རྦད་དེ་ཁྱབ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་ས་གནས་ཀྱི་ཚད་གཞིའི་སྒྲིག་གཞི་དང་བཟོ་བཅོས་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་ཡོད་ཚད་གཞིའི་མ་ལག་གི་ནང་དོན་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐཱན་འབུད་པའི་སྤྱི་འབོར་ཚོད་འཛིན་དང་། ནུས་རྒྱུའི་ཚད་ལེན་ལྟ་སྐུལ་དོ་དམ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག་བཟོ་བའི་ལམ་ལུགས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།
        དེ་དང་ཆབས་ཅིག རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་མཐོར་གཏོང་གི་བྱ་སྤྱོད་ལག་ལེན་བསྟར་བ། ཀའོ་ལི་ཀུང་རི་བོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ས་ཁོངས་སྒྲོལ་བ་དང་ཀྲོའུ་སྒྲོལ་བའི་སྲུང་སྐྱོང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་དང་མཐའ་མཚམས་ཀྱི་མེ་ཟོན་མཐུན་སྦྱོར་ལམ་སྲོལ་མགྱོགས་མྱུར་གཏོད་པ། རྩ་ཆེའི་སྐྱེ་དངོས་རིགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཏན་ཏིག་ངང་བསྐྲུན་དགོས་ལུགས་བསྟན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།