དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་ལེ་པ་ནོན་ལ་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་པེ་རུ་ཐེར་འབྱོར་བ།

སྤེལ་དུས 2021-04-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

འདི་ནི་ཟླ་4ཚེས་6ཉིན་པེ་རུ་ཐེའི་ལཱ་ཧྥེ་ཁེ·ཧ་ལི་ལི་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་གོ་དང་ལེ་པ་ནོན་རྒྱལ་ཁབ་གཉིས་ཀྱི་མི་སྣས་ཀྲུང་གོས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་བླུགས་པའི་དོས་སྒམ་གྱི་མདུན་དུ་མཉམ་པར་རྒྱག་བཞིན་པ།
          ཀྲུང་གོས་ལེ་པ་ནོན་སྲིད་གཞུང་དང་དམག་དཔུང་ལ་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གཉིས་པ་ཚེས་6ཉིན་པེ་རུ་ཐེའི་ལཱ་ཧྥེ་ཁེ·ཧ་ལི་ལི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད།
          ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཅན་དང་ལེ་པ་ནོན་གྱི་གནས་སྐབས་སྲིད་གཞུང་གི་འཕྲོད་བསྟེན་པུའུ་ཀྲང་ཧ་མཱ་ཏེ·ཧ་སང་སོགས་གནམ་ཐང་དུ་རིམས་འགོག་སྨན་ཁབ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
          ཧ་སང་གིས་ཏོག་གསར་རིམས་ནད་ཐོན་ཚུན་དང་པེ་རུ་ཐེ་གྲུ་ཁར་འབར་གས་ཀྱི་དོན་རྐྱེན་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་ལེ་པ་ནོན་ཕྱོགས་ལ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོས་ལེ་པ་ནོན་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་པར་བསྔགས་བརྗོད་ཆེན་པོ་བྱས་ཤིང་། ཁོང་གིས་ཀྲུང་གོས་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་པ་དེ་ལས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད་བྱས་པ་མངོན་གྱི་ཡོད། རིམས་འགོག་སྨན་ཁབ་ཀྱིས་རིམས་ནད་འགོ་ཉེན་ཆེ་བའི་མི་ཚོགས་ལ་སྲུང་སྐྱོབ་ཐུབ་པ་མ་ཟད། ལེ་པ་ནོན་གྱི་དཔལ་འབྱོར་སླར་གསོ་དང་སྤྱི་པའི་འཚོ་བ་རྒྱུན་གཏན་ལྟར་སླར་གསོ་ཡོང་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བརྗོད།
          ཝང་ཁེ་ཅན་གྱི་ཤིས་ཚིག་ནང་། ཏོག་གསར་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ལེ་པ་ནོན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཉམ་དུ་རིམས་འགོག་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།