ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

བལ་པོའི་ས་ཆ་མང་པོར་ཆར་པ་བསྟུད་མར་བབས་ནས་མི31རྐྱེན་ལམ་དུ་ཤོར།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          བལ་པོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་རིང་བལ་པོའི་ས་ཆ་མང་པོར་ཆར་པ་བསྟུད་མར་བབས་ནས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཞིང་། ས་གནས་དེ་གའི་དུས་ཚོད་ཚེས20ཉིན་གྱི་སྔ་དྲོའི་བར་ཆར་པ་བབས་པའི་རྐྱེན་གྱིས་རང་བྱུང་གནོད་འཚེ་ཕོག་ནས་ཁྱོན་བསྡོམས་མི31རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི43གར་སོང་ཆ་མེད་དུ་གྱུར་ཡོད།
          བལ་པོའི་ནང་སྲིད་པུའུ་གནོད་འཚེ་དོ་དམ་སི་ཡི་སི་ཀྲང་ཕན་ཏི་ཡིས་ཕྱི་ཕྱོགས་ལ་བརྡ་ཁྱབ་བཏང་དོན། ཚེས20ཉིན་གྱི་སྔ་དྲོའི་བར་མི22ལ་རེས་སྐོར་འདིའི་ཆར་པ་བསྟུད་མར་བབས་པ་ལས་བྱུང་བའི་རང་བྱུང་གནོད་འཚེའི་ཁྲོད་ནས་རྨས་སྐྱོན་ཕོག་ཡོད་ཅེས་བཤད།
          བལ་པོའི་ནང་སྲིད་པུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱི་བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཁབ་དེའི་ས་ཁུལ19ལ་དྲག་ཆར་དང་། འདམ་རྡོའི་ཆུ་རུད་དང་ཆུ་ལོག་བཅས་ཀྱི་ཤུགས་རྐྱེན་ཕོག་ཡོད། ཆར་པ་བསྟུད་མར་བབས་པ་དང་བསྟུན་ནས་ཤི་རྨས་བྱུང་བའི་མི་གྲངས་ད་དུང་མུ་མཐུད་དུ་ཇེ་མང་ལ་འགྲོ་སྲིད།
རྩོམ་སྒྲིག་པ། བསྟན་ཆོས།