ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

​ཕོར་ཐིའུ་ཀལ་གྱིས“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་འབྲིང་སློབ་མའི་རྒྱ་ཡིག་འགྲན་བསྡུར་སྐབས་15པ་གཉེར་བ།

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཚེས་14ཉིན“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་འབྲིང་སློབ་མའི་རྒྱ་ཡིག་འགྲན་བསྡུར་སྐབས་15པ་དང་ཕོར་ཐིའུ་ཀལ་གྱི་སློབ་འབྲིང་སློབ་མའི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་སྐབས་གཉིས་པ་དྲ་ཐོག་ནས་གཉེར་བ་རེད།
  འགྲན་བསྡུར་ནང་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། རྒྱན་འཐེན་དྲི་བ་དྲིས་ལན། ཀྲུང་ཧྭའི་སྒྱུ་རྩལ་ངོམ་སྟོན་བཅས་ཁག་གསུམ་ཚུད་ཡོད་པ་དང་གཏམ་བཤད་ཀྱི་ཁ་བྱང་ནི《རྒྱ་ཡིག་ཡག་པོ་སྦྱངས་ནས་ལང་ཚོ་དོན་སྙིང་ལྡན་པར་བྱེད》ཅེས་པ་དེ་རེད། ཆུ་ཚོད་6ལྷག་ཙམ་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། ཨ་ཁ་ཤིས་ཨོའུ་ཁ་ལ་ཙན་ཏུའུ་ཨར་ཏེ་ལག་རྩལ་ཆེ་མོ་བའི་སློབ་འབྲིང་གི་ཁ་ལུའོ་ལིན་ནཱ·ཨ་མོ་ལུའུ་སུའོ་ལ་ཨང་དང་པོ་ཐོབ་ནས་ཕོར་ཐིའུ་ཀལ་གྱི་ཚབ་བྱས་ནས་གོ་ལ་ཧྲིལ་པོའི“རྒྱ་སྐད་སྦྲེལ་ཟམ”གྱི་མཐའ་བསྡུར་ནང་ཞུགས་རྒྱུ་དང་། ཨེར་ཝ་ཧྲི་སང་ཆའོ་ཁྲི་ཐོག་གཉིས་པའི་སློབ་འབྲིང་གི་པེར་ནཱ་ཏུའོ·སའེ་ཁའེ་ལར་སློབ་འབྲིང་སློབ་མའི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།