ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཚེས་22ཉིན་ཉིའུ་གཡོད་ཀྱི་མ་རྐང་ཁྲོམ་རའི་རྐང་ཐང་ཆེན་པོ་གསུམ་ཤུགས་ཆེན་ཆག་པ།

སྤེལ་དུས 2022-08-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཚེས་22ཉིན། ཉིའུ་གཡོད་ཀྱི་མ་རྐང་ཁྲོམ་རའི་རྐང་ཐང་ཆེན་པོ་གསུམ་ཤུགས་ཆེན་ཆག་ནས་ཉིན་དེ་རང་ལ་གོང་ཐང་ཁྱབ་བསྒྲགས་བྱས་པ་རེད། ཏའོ་ཆུང་སི་བཟོ་ལས་ཀྱི་ཆ་སྙོམས་རྐང་ཐང་སྟོན་གྲངས་དེ་གོང་གི་ཉོ་ཚོང་ཉིན་མོ་ལས་643.13ཆག་སྟེ་གོང་ཐང33063.61ཡིན་པ་ཁྱབ་བསྒྲགས་བྱས་པ་དང་ཆག་ཚད་1.91%ཟིན་ཡོད། ཚད་ལྡན་ཕུའར་གྱི་མ་རྐང་ཁག་500ཡི་རྐང་ཐང་སྟོན་གྲངས་90.49ཆག་ནས་གོང་ཐང་4137.99ཡིན་པ་ཁྱབ་བསྒྲགས་བྱས་པ། ནཱ་སི་ཏ་ཁེ་ཕྱོགས་བསྡུས་རྐང་ཐང་སྟོན་གྲངས་323.64ཆག་ནས་གོང་ཐང་12381.57ཡིན་པ་ཁྱབ་བསྒྲགས་བྱས་པ་དང་ཆག་ཚད་2.55%ཟིན་གྱི་ཡོད། འདི་ནི་ཉོ་ཚོང་པས་ཨ་རིའི་ཉིའུ་གཡོད་འཛིན་ལོར་ཉོ་ཚོང་ཁང་ལ་འཛིན་ལོར་ཉོ་ཚོང་བྱེད་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།