ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“ཤར་ཕྱོགས་བགྲོད་ལམ”ལས་དཔལ་འབྱོར་ལྡོག་འཕར་བྱུང་ནས་རྒྱལ་སྤྱིའི་ཚོང་དོན་ལ་རམ་འདེགས་ཐུབ་པ།

སྤེལ་དུས 2022-08-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར རྩོམ་པ་པོ།
  འདི་ནི་ཟླ་8ཚེས་22ཉིན། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ནན་ཁང་ཆུས་ཀྱི་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་ས་དང་གྲུ་ཁའི་ལྕགས་ལམ་ས་ཚིགས་སུ་བཟོ་པས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་དོས་སྒམ་ཟོག་སྒྲོམ་འདོན་འཇུག་བྱེད་བཞིན་པ།
  ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་། དེས་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། སྐམ་སའི་སྐྱེལ་འདྲེན་གྱི“ངར་ལྕགས་ལྟ་བུའི་རྔ་མོང་རུ་ཁག”སྟེ་ཀྲུང་ཡོའི་དུས་གཏན་མེ་འཁོར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་ཀྲུང་གོ་དང་ཡོ་རོབ་དབར་ཚོང་དོན་འགྲོ་འོང་འགན་ལེན་ཐུབ་པའི་ཟོག་འགྲེམས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
  རིམས་ནད་མཆེད་སྐབས་སུ“ངར་ལྕགས་ལྟ་བུའི་རྔ་མོང་རུ་ཁག”
  ཀྲུང་གོ་ལྕགས་ལམ་ཧའར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས། འདི་ལོའི་ཟླ་དང་པོ་ནས་བདུན་པ་བར། རིམ་རྩིས་བྱས་ན་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“ཤར་ཕྱོགས་བགྲོད་ལམ”མན་ཀྲོའུ་ལི་དང་སུའེ་ཧྥན་ཧོ་ཁོའུ་འགག་སྒོ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་3132དང་དངོས་ཟོག་བླུགས་པའི་ཚད་ལྡན་དོས་སྒམ་299808བཏང་བ་དེ་དུས་མཚུངས་ལས་16.4%དང་16.2%སོ་སོར་འཕར་བ་མངོན་ཡོད།
  འདི་ལོའི་ལོ་སྟོད་དུ། སུའོ་ཧྥན་ཧོ་ཁོའུ་འགག་སྒོ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་373དང་དངོས་ཟོག་བླུགས་པའི་ཚད་ལྡན་དོས་སྒམ་34942བཏང་བ་དེ་དུས་མཚུངས་ལས་74.3%དང་82.9%སོ་སོར་ཟིན་ཡོད།
  2013ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་མན་ཀྲོའུ་ལིའི་འགག་སྒོ་ནས་ཤར་གཏོང་ཐུབ་པ་ནས་བཟུང་། མན་ཀྲོའུ་ལི་འགག་སྒོ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་རིམ་བཞིན་མང་དུ་སོང་ཞིང་། 2020ལོར་མན་ཀྲོའུ་ལི་འགག་སྒོ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་3548བཏང་བ་དེ་དུས་མཚུངས་ལས་35.1%འཕར་བ་དང་། 2021ལོར་མན་ཀྲོའུ་ལིའི་འགག་སྒོ་ནས་ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་གྲངས་4000ལས་ཐོག་མར་བརྒལ་ཡོད།
  ནུས་ཤུགས་ཡོད་རྒུས་འགག་སྒོ་ནས་བདེ་བླག་ངང་བསྐྱོད་ཐུབ་པ་བྱས་པ།
  ཧེ་ལུང་ཅང་ཞིང་ཆེན་ནི་ཀྲུང་གོས་བྱང་ཕྱོགས་སུ་སྒོ་མོ་དབྱེ་བའི“མདུན་ཕྱོགས་ས་ཆ”ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཧེ་ལུང་ཅང་ཞིང་ཆེན་གྱི་འགག་སྒོའི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
  ཧའར་པིན་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་ཁེ་ལས་ལ་གཟིགས་སྐྱོང་བྱེད་པའི་འགག་སྒོ་ལས་ཁུངས་ཀྱི་བྱ་ཐབས་ཁག་ཧེ་ལུང་ཅང་ཞིང་ཆེན་ལ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་ཡོད། ཁེ་ལས་ཀྱིས“འགག་སྒོ་སྒྲོལ་རྒྱུ་གཞི་གཅིག་ཅན”དང་། “དྲ་སྦྲེལ+ཆུ་ཚོད་24རིང་སྔོན་གཏན་ཁ་ཆད་ལྟར་འགག་སྒོ་སྒྲོལ་བ” “སྔོན་ནས་རེ་ཞུ་བྱེད་པ”སོགས་འགག་སྒོ་སྒྲོལ་སྟངས་རང་དགར་གདམ་ག་བྱེད་ཆོག་གི་ཡོད། ཞིབ་བཤེར་བྱས་ནས་གཏོང་བ་དང་། སྔོན་ལ་བཏང་ནས་རྗེས་སུ་ཞིབ་བཤེར། ཆ་འཕྲིན་བསྡུ་ལེན་བཅས་ཀྱི་ཕྱོགས་གསུམ་པའི་སྒྲིག་གཞིའི་ཞིབ་བཤེར་འབྲས་བུ་སོགས་ལ་བརྟེན་ནས་ཁེ་ལས་ཀྱི་འགག་སྒོ་སྒྲོལ་ནུས་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
  ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་ཡོའི་དུས་གཏན་མེ་འཁོར་རྒྱལ་མཚམས་ནས་གང་མགྱོགས་འགྲོ་འོང་ཐུབ་པ་བྱ་ཆེད། སུའོ་ཧྥན་ཧོའི་ས་ཚིགས་ཀྱིས་དངོས་ཟོག་སྐྱེལ་འདྲེན་གྱི་ཤར་བགྲོད་ལམ་བུ་བཏོད་ནས་ལས་ཀའི་དུས་ཚོད་རིང་དུ་གཏོང་གང་ཐུབ་ཀྱིས་ལས་དོན་པས་ལྷུ་ཚིགས་ཁག་གི་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག སྔོན་ཚུད་ནས་འགག་སྒོ་ལས་ཁུངས་དང་ཟོག་འདྲེན་ཀུང་སི་སོགས་དང་འབྲེལ་གཏུག་འབྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་ཡོང་བར་བྱས་ཡོད་པ་རེད།
  ཚོང་དོན་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ།
  མིག་སྔར་ཀྲུང་ཡོའི་དུས་གཏན་མེ་འཁོར་མན་ཀྲོའུ་ལི་དང་སུའོ་ཧྥན་ཧོ་ཁོའུ་འགག་སྒོ་ནས་སྐྱོད་པའི་སྐྱེལ་འདྲེན་ལམ་ཐིག་ཁག་22ཡོད་པ་དེ་དག་གཙོ་བོ་དངོས་ཟོག་གཅིག་སྡུད་འཇོག་ས་རང་རྒྱལ་གྱི་ཀོང་ཀྲོའུ་དང་སུའུ་ཀྲོའུ་སོགས་གྲོང་ཁྱེར་བཅུ་ལ་ཁྱབ་པ་དང་། དུས་གཏན་མེ་འཁོར་གྱིས་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་ལྷག་ཙམ་ལ་ཉིན་རེའི་བརྒྱ་ཟོག་དང་བཟོ་ལས་འཕྲུལ་ཆས་སོགས་ཚུད་པའི་དངོས་ཟོག་སྐྱེལ་འདྲེན་སྣེ་ཁ་ཕུན་སུམ་ཚོགས་པོ་སྐྱེལ་འདྲེན་བྱེད་ཀྱི་ཡོད།
  ལོ་མང་རིང་། ཧའར་པིན་ཤར་ཕྱོགས་འཛུགས་སྐྲུན་འཕྲུལ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཡོ་རོབ་ལ་ཨར་སྐྲུན་སྒྲིག་ཆས་ཆེན་པོ་གཏོང་གི་ཡོད། 2017ལོར་ཀུང་སིའི་ཐོན་རྫས་ཀྲུང་ཡོའི་དུས་གཏན་མེ་འཁོར་ལ་བཏང་བ་དེས་དངོས་ཟོག་དབོར་བའི་དུས་ཚོད་ཐུང་དུ་ཕྱིན་ཡོད།
  ཧའར་པིན་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས། འདི་ལོའི་ཟླ་དང་པོ་ནས་བདུན་པ་བར། ཧེ་ལུང་ཅང་ཞིང་ཆེན་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1450.6ཟིན་པ་དེ་དུས་མཚུངས་ལས་31.9%འཕར་བའི་ཁྲོད། ཧེ་ལུང་ཅང་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1143.5ཟིན་པ་དེ་དུས་མཚུངས་ལས་38.9%འཕར་བ་མངོན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།