དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་མ་ལག་མགྱོགས་མྱུར་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

སྤེལ་དུས 2021-02-26 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་ཆར་རྒྱལ་སྲིད་སྤྱི་ཁབ་ཁང་གིས《ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
          《མཛུབ་ཁྲིད་བསམ་འཆར》ནང་། ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཏུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་རང་རྒྱལ་གྱིས་ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཤིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། ཕྱོགས་མང་དང་བརྒྱུད་རིམ་ཧྲིལ་པོའི་སྒོ་ནས་ལྗང་མདོག་འཆར་འགོད་དང་། ལྗང་མདོག་འཆར་གཞི། ལྗང་མདོག་མ་འཇོག ལྗང་མདོག་འཛུགས་སྐྲུན། ལྗང་མདོག་ཐོན་སྐྱེད། ལྗང་མདོག་འཁོར་རྒྱུག ལྗང་མདོག་འཚོ་བ། ལྗང་མདོག་འཛད་སྤྱོད་བཅས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་འདི་ཉིད་ཐོན་ཁུངས་ཕན་ཆེའི་ངང་སྤྱོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནན་པོ་བྱེད་པ། དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་ནུས་ལྡན་བྱེད་པ་བཅས་རྨང་གཞིར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་པོ་སྲུང་སྐྱོང་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཐཱན་སྤྱོད་ཚད་མཐོ་ཤོས་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་འགན་ལེན་གྱིས་རང་རྒྱལ་གྱི་ལྗང་མདོག་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
          《མཛུབ་ཁྲིད་བསམ་འཆར》ནང་ཕྱོགས་དྲུག་གི་ཐད་ནས་གཙོ་གནད་ལས་དོན་གྱི་ལས་འགན་བཀོད་སྒྲིག་བྱས་པ་སྟེ། གཅིག་ནས་ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་ཐོན་སྐྱེད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། བཟོ་ལས་ལྗང་མདོག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་སྟོབས་ཆེར་གཏོང་བ། ཐོན་ལས་གླིང་དང་ཐོན་ལས་ཚོགས་པའི་འཁོར་རྒྱུག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལྗང་མདོག་གི་མཁོ་སྤྲོད་འཁོར་འབྲེལ་གཏོད་དགོས། གཉིས་ནས་ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྐྱེལ་འདྲེན་གྲུབ་ཆའི་མ་ལག་ལེགས་སྒྲིག་ཧུར་ཐག་བྱས་ཏེ་ཟོག་འགྲེམས་སྐྱེལ་འདྲེན་སྒྲིག་འཛུགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ཐཱན་ཉུང་གི་སྐྱེལ་འདྲེན་ཡོ་ཆས་ཁྱབ་གདལ་གཏོང་བ། བསྐྱར་སྐྱེས་ཐོན་ཁུངས་བསྡུ་བ་དང་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗང་མདོག་ཚོང་དོན་མ་ལག་སྐྲུན་དགོས། གསུམ་ནས་ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་འཛད་སྤྱོད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལྗང་མདོག་ཐོན་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་གཏོད་པ། བཟའ་བཏུང་འཕྲོ་བརླག་གཏོང་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཡུལ་བབ་དང་བསྟུན་ནས་འཚོ་བའི་གད་སྙིགས་རིགས་དབྱེ་དང་གྲངས་འབོར་ཉུང་གཏོང་ཅན་དང་ཐོན་ཁུངས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འགྱིག་རྫས་སྦགས་བཙོག་གི་འབྲེལ་ཐག་ཧྲིལ་པོ་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་རིམ་སྤོར་མགྱོགས་སུ་གཏོང་དགོས། ནུས་རྒྱུའི་མ་ལག་ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་དང་ཤུགས་ཚད་ལ་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་དགོས། ལྔ་ནས་ཁྲོམ་རའི་སྟོན་ཕྱོགས་ཀྱི་ལྗང་མདོག་ལག་རྩལ་གསར་གཏོད་མ་ལག་སྐྲུན་དགོས། ལྗང་མདོག་ཐཱན་ཉུང་གི་ལག་རྩལ་ཞིབ་སྤེལ་ལ་སྐུལ་ལྕག་བྱས་ནས་ཚན་རྩལ་གྲུབ་འབྲས་ལ་འགྱུར་ཚད་མགྱོགས་སུ་གཏོང་དགོས། དྲུག་ནས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཁྲིམས་སྲོལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་གི་གྲོན་བསྡུའི་རིན་གོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནོར་ཁྲལ་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལྗང་མདོག་གི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་གི་བདེན་དཔང་ར་སྤྲོད་མ་ལག་དང་བསྡོམས་རྩིས་ལྟ་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལྗང་མདོག་ཉོ་ཚོང་ཁྲོམ་རའི་ལམ་སྲོལ་སྐྱེད་སྲིང་བྱེད་དགོས།
          《མཛུབ་ཁྲིད་བསམ་འཆར》ནང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་དང་། བྱེད་ཐབས། བྱ་སྤྱོད་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། ལས་དོན་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤུས་འབོར་གཉིས་ལྡན་ངང་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།