དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དཔྱིད་དུས་ཀྱི་སློབ་འགོ་རྒྱུན་གཏན་དང་བདེ་འཇགས་འཚང་གཡོལ་བཅས་ཀྱི་སྒོ་ནས་ཚུགས་རྒྱུ་ཡིན་པ།

སྤེལ་དུས 2021-02-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས23ཉིན་གསར་འགོད་པར་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར། སློབ་གསོ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་གནས་ཁག་དང་མཐོ་སློབ་ཁག་གིས2021ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་ཇུས་གཞི་གཅིག་རྗེས་གཉིས་མཐུད་ངང་ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་སུ་སྤྱིར་ན་སློབ་འགོ་དང་སློབ་ཚན་དུས་བཀག་ལྟར་ཚུགས་པ་དང་། ས་ཁུལ་ཁག་གཅིག་དང་མཐོ་སློབ་ཁག་གཅིག་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས་སློབ་འགོ་ཚུགས་པའི་དུས་ཚོད་དང་དུས་བཀག་ལྟར་སློབ་ཚན་འཚོག་རྒྱུ་ནར་འགྱངས་བྱས་ཡོད།
          “དཔྱིད་དུས་ཀྱི་སློབ་འགོ་ཚུཌ་ཉེར་ཡོད་པས་ས་གནས་ཁག་དང་སློབ་གྲྭ་ཁག་རྒྱུན་གཏན་དང་། བདེ་འཇཌ། འཚང་གཡོལ་བཅས་ཀྱིས་སྒོ་ནས་སློབ་འགོ་ཚུཌ་རྒྱུར་མཛུབ་ཁྲིད་བྱེད་དགོས”སློབ་གསོ་པུའུ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོཌ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥེང་གིས། སློབ་གསོ་པུའི་བཀོད་སྒྲིག་དང་མཛུབ་ཁྲིད་འོག ས་གནས་ཁག་དང་མཐོ་སློབ་ཁག་གིས“དཔྱིད་དུས་ཀྱི་སློབ་འགོ་རྒྱུན་གཏན་དང་། བདེ་འཇགས། འཚང་གཡོལ”བཅས་ཀྱི་སྒོ་ནས་ཚུཌ་རྒྱུའི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་དཔྱིད་དུས་ཀྱི་སློབ་འགོ་ཚུཌ་པའི་ལས་དོན་སྔོན་ཚུད་ནས་འཆར་འགོད་དང་སློབ་འགོ་ཚུཌ་ནས་སློབ་གྲྭར་ཕྱིར་ལོག་བྱེད་པའི་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།