ཡུན་ནན་དུ་ཏོག་གསར་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ3གསར་དུ་འཕར་འདུག
སྤེལ་དུས 2021-04-06
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཟླ4པའི་ཚེས5ཉིན། ཡུན་ནན་ཞིང་ཆེན་རུའེ་ལི་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ཡིས་རིམས་ནད་ཀྱི་ཉེན་ཁའི་རིམ་པའི་སྐོར་གྱི་བརྡ་ཁྱབ་སྤེལ་ཞིང་། བརྡ་ཁྱབ་ཀྱི་ནང་དུ་རུའེ་ལི་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་མཁས་ཚོ་ཆུང་གི་དཔྱད་དཔོག་བྱས་པ་བརྒྱུད། 2021ལོའི་ཟླ4པའི་ཚེས5ཉིན་གྱི་ཆུ་ཚོད19པ་ནས་བཟུང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས། རུའེ་ལི་གྲོང་ཁྱེར་གྱི་ཉེན་ཁ་ཡོད་པའི་ས་ཁུལ་ལེགས་སྒྲིག་བྱས་པ་གཤམ་གསལ་ལྟར།
ཉེན་ཁ་ཆེ་བའི་ས་ཁུལ་གསུམ་ཡོད་པ་སྟེ། ཅེ་གོ་ཀུའོ་མིན་སྡེ་ཁུལ་གྱི་མཐུན་སྒྲིལ་གྲོང་ཚོ་ཨུ་ལྷན་ཅིན་ཁན་དང་། (姐告国门社区,团结村委会金坎)ནུང་ཧན་གྱི་རུའེ་ལི་ལམ་ཆེན་གྱི་ལྷོ་ངོས། (弄喊片区<瑞丽大道以南>)ཞན་ཁེ་ཁྲོམ་་ལམ་དང་འོད་ཟེར་ཁྲོམ་ལམ་གྱི་གྲོང་མིའི་ཚོ་ཆུང།(仙客巷和光明巷居民小组) བཅས་ཡིན།
ཉེན་ཁ་འབྲིང་བའི་ས་ཁུལ་དྲུག་ཡོད་པ་སྟེ། ཞིན་ཧྲེང་དུས་རབས་ཅ་ཡོན་ཁུལ་ཆུང(鑫盛时代佳园小区)དང་། རུའེ་ཅིང་ལམ་སོ་ཕག་བཟོ་གྲྭ(瑞京路红砖厂) ཞིན་ཧོ་ལན་དབན་ཁུལ་ཆུང་།(星河蓝湾小区)ཧྲོང་མའོ་ཡུལ་མིའི་ཚོ་ཆུང་།(双卯村民小组)ཞ་ནུང་ཨན་ཡུལ་མིའི་ཚོ་ཆུང་།(下弄安村民小组)ནོར་བུ་ཁྲོམ་གཞུང་གི་བཟའ་བཅའ་བཟོ་གྲྭ་རྙིང་པའི་ཁྱིམ་མིའི་སྡོད་ཁུལ(珠宝街老食品厂家属区)བཅས་ཡིན།
ས་ཁུལ་གཞན་དག་ནི་ཉེན་ཁ་ཆུང་བའི་ས་ཁུལ་ཡིན།
རྩོམ་སྒྲིག་པ། རིག་གྲོལ།