དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལྕགས་གླང་ལོའི་དྭངས་གསལ་དུས་ཚིགས་ཉིན་གོང་མ་ཤོན་ཡོན་ལ་སྤྱི་སྒྲུབ་འདས་མཆོད་བྱེད་པའི་མཛད་སྒོ་འཚོགས་པ།

སྤེལ་དུས 2021-04-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་4ཚེས་4ཉིན་གྱི་སྔ་དྲོ། ལྕགས་གླང་ལོའི་དྭངས་གསལ་དུས་ཚིགས་ཉིན་གོང་མ་ཤོན་ཡོན་ལ་སྤྱི་སྒྲུབ་འདས་མཆོད་བྱེད་པའི་མཛད་སྒོ་ཧྲའན་ཤིས་ཞིང་ཆེན་ཧོང་ལིང་རྫོང་རྒྱལ་པོའི་བང་སོའི་མཆོད་འབུལ་ཐང་ཆེན་དུ་འཚོགས་པ་དང་། དེ་ཉིན་ཐའེ་དབན་དུའང་གོང་མ་ཤོན་ཡོན་ལ་སྤྱི་སྒྲུབ་འདས་མཆོད་བྱེད་པའི་མཛད་སྒོ་འཚོགས་པ་དང་སྦྲགས་ངོགས་གཉིས་ཀྱི་སྤྱི་སྒྲུབ་འདས་མཆོད་ཀྱི་བརྙན་ལམ་དྲ་ཐོག་ནས་ཐད་གཏོང་བྱས་པ་རེད།
          འདས་མཆོད་ཐང་ཆེན་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་མཚོན་པའི་དར་ཚོན་འབྲུག་རིས་ཅན་56ལྷབ་ལྷུབ་ཏུ་གཡོ་བས་རྣམ་པ་ཧ་ཅང་གཟི་ཉམས་ལྡན། ཆུ་ཚོད་9དང་སྐར་མ་50ཡི་ཐོག་སྤྱི་སྒྲུབ་འདས་མཆོད་འགོ་ཚུགས་པ་དང་། རྔ་སྒྲ་བརྗིད་ཉམས་ལྡན་ཞིང་ཅོང་སྒྲ་ཡུན་རིང་གྲགས། རྔ་སྒྲ་ཐེངས་34གྲགས་པ་ལས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་མེས་པོར་གུས་བཀུར་ཞུ་བའི་གཅིག་མཐུན་བསམ་པ་མཚོན་པ་དང་། ཅོང་སྒྲ་ཐེངས་9གྲགས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གུས་སྲོལ་གྱི་གུས་ལུགས་མཐོ་ཤོས་ཡིན་ཞིང་། དེ་ལས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མི་ཆོས་ཀྱི་མེས་པོ་གོང་མ་ཤོན་ཡོན་ལ་དད་གུས་དང་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་པ་རེད།
          བརྗིད་ཉམས་ལྡན་པའི་འདས་མཆོད་རོལ་དབྱངས་ཁྲོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཅིས་པིང་ཤོན་དང་། ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་གོ་ཀྲུང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཐན་ཐེན་ཤིང་། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུང་མིང་པེའོ། ཀྲུང་ཧྭ་རྒྱལ་ཡོངས་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེང་ཤུའེ་ཡོན་བཅས་ཀྱིས་སྔ་རྗེས་སུ་གོང་མ་ཤོན་ཡོན་གྱི་སྐུ་བརྙན་ལ་མེ་ཏོག་སི་ར་ཕུལ་བ་རེད། དམངས་གཙོ་ཏང་ཤོག་གི་འཐུས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འཐུས་མི། མི་དམངས་ཚོགས་པའི་འཐུས་མི། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འཐུས་མི། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བའི་འཐུས་མི། སྤུན་ཟླ་ཐའེ་དབན་བའི་འཐུས་མི་བཅས་དང་དེ་བཞིན་ཕྱིར་སྡོད་སྤུན་ཟླའི་འཐུས་མི་བཅས་ཀྱིས་ཁག་སོ་སོར་མེ་ཏོག་སི་ར་ཕུལ་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།