དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ནང་སོག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་གླུ་གཞས་བླངས་ནས་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་བྱས་པ།

སྤེལ་དུས 2021-04-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཀྲུང་གོ་བ་ཞིག་གི་ངོས་ནས་བརྗོད་ན་དྭངས་གསལ་དུས་ཚིགས་ནི་གཤིན་པོར་མཆོད་འབུལ་དང་གཉེན་ཉེར་མྱ་ངན་ཞུ་བའི་དུས་ཚིགས་ཤིག་ཡིན་ཞིང་། མང་ཚོགས་མི་ཉུང་བ་ཞིག་གིས་མཆོད་རྫས་ཁྱེར་ནས་དུར་སར་དུར་མཆོད་བྱེད་པར་འགྲོ་གི་ཡོད་པས། ནགས་ཚལ་མེ་ཟོན་ལ་གནོན་ཤུགས་ཆེན་པོ་འཕྲད་ཀྱི་ཡོད། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། ནང་སོག་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཏཱ་ཆིང་ཧྲན་རི་བོའི་གསར་བརྗེའི་རིག་གནས་སློབ་གསོའི་སྤྱི་གླིང་དུ་བསྐྱོད་དེ་མེ་ཟོན་ལས་སྒྲུབ་བྱ་སྤྱོད་སྤེལ་ནས་གྲོང་མི་དང་མཉམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་གླུ་གཞས་བླངས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཏེ་མེ་ཟོན་གྱི་འདུ་ཤེས་བརྒྱུད་བསྒྲགས་བྱས་པ་རེད།
          ཏཱ་ཆིང་ཧྲན་རི་བོའི་གསར་བརྗེའི་རིག་གནས་སྤྱི་གླིང་ནི་ཏཱ་ཆིང་ཧྲན་རི་བོའི་ལྷོ་འདབས་སུ་གནས་ཤིང་། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་མུའུ་ཁྲི་ཡི་རྩྭ་ཐང་གི་ལྟེ་བའི་ཁུལ་ཡིན། དེ་གར་སྔོ་ལྗང་ནགས་ཚལ་གྱིས་བཀླུབས་པ་དང་ཡུལ་སྐོར་བ་མང་བས་མེ་ཟོན་གྱི་གནོན་ཤུགས་ཆེན་པོ་ཡོད་པ་རེད། ནང་སོག་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་དེ་གར་བཅའ་སྡོད་གྲོང་ཁྱེར་དོ་དམ་དང་། འགྲིམ་འགྲུལ། ནགས་ཚལ་མེ་ཟོན་སོགས་ཚན་པ་དང་མཉམ་དུ་མེ་ཟོན་སློབ་གསོ་དྲིལ་བསྒྲགས་དང་། སྒྲིག་ཆས་ཁྱེར་ནས་སྐོར་ཞིབ་སྲུང་སྐྱོང་། ལྟ་སྐུལ་ཞིབ་བཤེར། འཕྲལ་སྡོམ་རོགས་སྐྱོབ་བཅས་ནང་དོན་གཙོ་བོར་བྱས་པའི་མེ་ཟོན་ཆེད་དོན་བྱ་སྤྱོད་སྤེལ་ནས་ཏཱ་ཆིང་ཧྲན་རི་བོའི་གསར་བརྗེའི་རིག་གནས་སྤྱི་གླིང་དང་དེའི་མཐའ་འཁོར་ནགས་ཁུལ་གྱི་མེ་གསོད་དང་མེ་ཟོན་གྱི་བདེ་འཇགས་འགན་ལེན་བྱས་པ་རེད།
          ཆུང་དུས་ནས་ནགས་ཚལ་མེ་ཟོན་གྱི་འདུ་ཤེས་འཇགས་རྒྱུར་དོ་སྣང་བྱེད་དགོས། ལས་དོན་སྒྲུབ་རིང་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་མེ་གསོད་མི་སྣས་སྡེ་ཚོགས་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པའི་གྲོགས་པོ་ཆུང་ཆུང་ཚོར་ནགས་ཚལ་མེ་ཟོན་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་སློབ་གསོ་གསོན་ཉམས་དོད་པོ་ཞིག་བརྒྱབ་པ་རེད། ནགས་ཚལ་མེ་ཟོན་གྱི་ཤེས་བྱ་དང་མེ་གསོད་སྒྲིག་ཆས་ཀྱི་ནུས་པར་འགྲེལ་བཤད་བརྒྱབ་པ་མ་ཟད། རང་ཉིད་ངོ་མས་ལག་པ་འགུལ་ནས་མེ་གསོད་སྒྲིག་ཆས་བཀོལ་སྤྱོད་ཉམས་ལེན་བྱེད་དུ་བཅུག་པས། གྲོགས་པོ་ཆུང་ཆུང་ཚོས་ནགས་ཚལ་མེ་ཟོན་ལ་ངོས་འཛིན་གསལ་པོ་བྱུང་བ་རེད། མི་གསོད་མི་སྣས་ད་དུང“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དད་སེམས་བརྟན་དུ་གཏོང་བ། ཏང་གི་རྗེས་སུ་འབྲང་བ”བཅས་ལ་དམིགས་ནས། གྲོགས་པོ་ཆུང་ཆུང་ཚོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་ཚོར་དང་ཐོབ་སྣང་སྐོར་ལ་སྤེལ་རེས་བྱས་པ་རེད། གྲོགས་པོ་ཆུང་ཆུང་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་བས་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།