དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

《མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ལག་ལེན》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ།

སྤེལ་དུས 2021-04-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ལག་ལེན》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད།
           རྒྱབ་ཤ་དཀར་པོའི་དེབ་ནང་། ལོ་ངོ་100ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དབུལ་ཕོངས་དང་འཐབ་རྩོད་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་། བཀོད་སྒྲིག དམག་འཐབ་ལ་ལྟ་སྐུལ་བཅས་གནང་ནས་ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་ལམ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་དང་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད།
           རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེར་རྒྱལ་ཁ་བླངས་པ་དང་ཀྲུང་གོ་གསར་པ་བཙུགས་ནས་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་དང་མི་དམངས་ཕྱུག་འགྱུར་གྱི་ལོ་རྒྱུས་ཀྱི་ལམ་གསར་རྐྱང་ཞིག་བཏོད་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་ལས་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་པ་དང་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད། ཀྲུང་གོའི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ་དང་ཀྲུང་གོའི་དབུལ་པོ་ཉུང་གཏོང་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལོ་8ཀྱི་རིང་མུ་མཐུད་འབད་འཐབ་བྱས་པ་བརྒྱུད། 2020ལོའི་ལོ་མཇུག་ཏུ་ཀྲུང་གོས་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཡོད།
           རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་ཀྲུང་གོའི་གྲོང་གསེབ་ལ་བྱུང་བའི་འགྱུར་ལྡོག་ནི་ལོ་རྒྱུས་རང་བཞིན་དང་ཕྱོགས་གང་ས་ཅི་ཐད་ནས་ཡིན་པ་དང་། ཀྲུང་གོའི་གྲོང་གསེབ་ལ་བྱུང་བའི་གསར་བརྗེ་རླབས་ཆེན་གཞན་ཞིག་ཀྱང་ཡིན་པས། དབུལ་ཕོངས་ས་ཁུལ་གྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་གཏིང་ཟབ་དང་།
           ཀྲུང་གོའི་གྲོང་གསེབ་ཀྱི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མངོན་གསལ་དོད་ཤོས་ཀྱི་ཞན་ཆ་སེལ་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་ལས། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དབུལ་པོ་དབུལ་རྐྱང་ཕྱོགས་ཡོངས་ནས་ཐོག་མར་བསལ་ཏེ་ཀྲུང་གོ་མི་དམངས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་དང་ལོ་ངོ་བརྒྱ་ཡི་རེ་འདོད་མངོན་འགྱུར་བྱུང་ཡོད།
           རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ཙམ་ཟིན་པའི་ཀྲུང་གོས་ཕྱོགས་ཡོངས་ནས་དབུལ་པོ་དབུལ་རྐྱང་སེལ་བ་ནི། ལོ་བཅུའི་སྔོན་ལ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ》ནང་འཁོད་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱས་པ་འདི། ཀྲུང་ཧྭའི་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་དང་ཐ་ན་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཀྱང་ཡིན་པས། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་འཕེལ་རྒྱས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
           རྒྱབ་ཤ་དཀར་པོའི་དེབ་ནང་སྔོན་འགྲོའི་གཏམ་དང་མཇུག་བསྡུའི་གཏམ་ཕུད་ཁྱོན་ཆ་ཤས་ལྔ་ཡོད་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་བརྗིད་ཆེའི་ཁས་ལེན་དང་། དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། གནད་སྨིན་དབུལ་སྐྱོར་གྱི་ཇུས་གཞི་ལག་བསྟར། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལ་ཐབས་ལམ་གསར་པ་འཚོལ་ཞིབ། ལག་གདང་སྦྲེལ་ནས་དབུལ་པོ་མེད་པའི་ཐུན་མོང་འཕེལ་རྒྱས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས་པ་བཅས་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།