དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལི་ཁེ་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་ལ་ཁ་པར་བཏང་།

སྤེལ་དུས 2021-04-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ4པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཞལ་ཆད་ལྟར་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་ལ་ཁ་པར་བཏང་། 
          ལི་ཁེ་ཆང་གིས་ཀྲུང་མོང་འབྲེལ་བར་གདེང་འཇོག་མཐོན་པོ་བྱས་ཏེ་བསྟན་དོན། ཀྲུང་གོས་མུ་མཐུད་མོང་གོལ་རྒྱལ་ཁབ་དང་མཉམ་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་འབྲེལ་དང་། འདྲ་མཉམ་གཉིས་ཕན་གྱི་འབྲེལ་བ་མཐའ་འཁྱོངས་བྱ་རྒྱུ་ཡིན་ལ། འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཅིང་། གང་མགྱོགས་སྒོས་མཐའ་མཚམས་འགག་སྒོའི་དངོས་ཟོག་འགྲོ་འོང་སླར་གསོ་བྱས་ཏེ་རྣམ་གྲངས་ཆེན་པོའི་མཉམ་ལས་བདེ་བླག་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ལི་ཁེ་ཆང་གིས་ཁོར་ཡུག་གནད་དོན་ལ་རྒྱལ་མཚམས་མེད་པས། ཀྲུང་གོས་མོང་གོལ་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་ཐད་མཉམ་ལས་བྱས་ནས་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས། 
          ལི་ཁེ་ཆང་གིས་བསྟན་དོན། མིག་སྔར་ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆ་ནས་སླར་གསོ་བྱུང་བའི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་འགྲོ་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་པས་ང་ཚོས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་བྱས་ཏེ་སྔར་བས་ལེགས་པའི་ཁོར་ཡུག་གཏོད་རྒྱུ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་ཆེ་རུ་བཏང་ནས། ཀྲུང་གོའི་དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་བརྟན་བརླིང་ངང་འཁོར་རྒྱུག་ཐུབ་རྒྱུ་དང་ཡུན་རིང་བོར་ལེགས་ཕྱོགས་སུ་འཕེལ་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། དེས་ཀྲུང་མོང་མཉམ་ལས་ལ་གོ་སྐབས་བསྐྲུན་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད།
          ཨའོ་ཡུན་འར་ཏེང་གིས། མོང་གོལ་གྱིས་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས། ས་ཁོངས་དཔལ་འབྱོར་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་རིམས་ནད་འགོག་རྒོལ་དང་མཐའ་མཚམས་ཉོ་ཚོང་། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མོང་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་བརྗོད།
          ཧེ་ལི་ཧྥུང་གོང་གསལ་གྱི་བྱེད་སྒོར་ཞུགས།  །
རྩོམ་སྒྲིག་པ། བདེ་སྒྲོལ།